ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་རིག་གནས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་དུས་མཚུངས་ལས་4.6%འཕར་བ།
གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་རིག་གནས་དང་དེ་བཞིན་འབྲེལ་ཡོད་ཐོན་ལས་ཁེ་ལས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་72026ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་4.6%འཕར་ཡོད་པ་རེད། ཁྱབ་ཁོངས་དབྱེ་ནས་བལྟས་ཚེ། རིག་གནས་ཀྱི་ལྟེ་བའི་ཁྱབ་ཁོངས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་50472ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་5.5%འཕར་ཞིང་། དེའི་ནང་རིག་གནས་མ་འཇོག་གཉེར་སྐྱོང་དང་། གསར་འགྱུར་ཆ་འཕྲིན་ཞབས་ཞུ། བསམ་བཀོད་ཇུས་འགོད་ཞབས་ཞུ་བཅས་ལས་རིགས་ཆེ་གྲས་གསུམ་གྱི་ལས་གཉེར་ཡོང་འབབ་མགྱོགས་མྱུར་འཕར་ནས་འཕར་ཚད་10.0%དང་། 9.2% 9.2%བཅས་སོ་སོར་ཟིན་ཡོད་པ་རེད།
ལོ་སྟོད་དུ། རིག་གནས་ཀྱི་ལས་རྣམ་གསར་པའི་ཁྱད་ཆོས་མངོན་གསལ་དོད་པའི་རིགས་ཆུང་གྲས་ཀྱི་ལས་རིགས་16གི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་35239ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་9.6%འཕར་ཡོད་པ་རེད།
ལོ་སྟོད་དུ། རིག་གནས་ཞབས་ཞུའི་ལས་རིགས་ཀྱི་ལས་གཉེར་ཡོང་འབབ་སྒོར་དུང་ཕྱུར་43235ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་8.1%འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།