དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས《རྒྱལ་སྤྱིའི་སྐྱེལ་འདྲེན་གྱི་ཁྲལ་འབྲེལ་ཞབས་ཞུའི་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-09

    ཉེ་ཆར། རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུས་ཀྱིས་རྒྱལ་སྒྲོལ་ཁྲལ་བསྡུའི་ལས་རིགས་ཀྱི་ཕྱོགས་སྟོན་ཐོག་མ་སྟེ《རྒྱལ་སྤྱིའི་སྐྱེལ་འདྲེན་གྱི་ཁྲལ་འབྲེལ་ཞབས་ཞུའི་ཕྱོགས་སྟོན》ཁྱབ་བསྒྲགས་བྱས་ནས། རྒྱལ་སྤྱིའི་མཚོ་འགྲུལ་དང་། མཁའ་འགྲུལ། སྐམ་ལམ་སོགས་རྒྱལ་སྒྲོལ་སྐྱེལ་འདྲེན་ལས་རིགས་ཀྱི་གཉེར་སྐྱོང་བྱེད་པོ་ཁག་ལ་འཁོར་འབྲེལ་ཧྲིལ་པོ་དང་། ཚད་ལྡན་ཅན། དོན་འཁྱོལ་བྱེད་ཆོག་པ་བཅས་ཀྱི་ཁྲལ་འབྲེལ་གྱི་སྲོལ་དང་མཐུན་པའི་དཔྱད་གཞི་མཁོ་འདོན་བྱས་ཡོད་པ་རེད།

    ཕྱོགས་སྟོན་དེ“ནང་འདྲེན་ལེའུ”དང“ཕྱིར་སྐྱོད་ལེའུ”གཉིས་སུ་དབྱེ་ཐོག་སྐྱེལ་འདྲེན་བྱེད་སྟངས་སྣ་ཚོགས་ཕྱེ་ནས“དཔྱ་ཁྲལ་འཇལ་དགོས་མིན་དང་། དཔྱ་ཁྲལ་ཅི་རིགས་འཇལ་དགོས་པ། དཔྱ་ཁྲལ་ག་ཚོད་འཇལ་དགོས་པ། དཔྱ་ཁྲལ་ཇི་ལྟར་འཇལ་དགོས་པ”བཅས་ལ་དམིགས་ཏེ། ཁྲལ་འཇལ་འོས་འགན་དང་། འཐེན་འཇལ་འོས་འགན། ཁྲལ་འཇལ་དགོས་པའི་ཡོང་འབབ། ཁྲལ་དངུལ་རྩིས་རྒྱག ཁྲལ་བསྡུའི་གཟིགས་སྐྱོང་། གྲོས་དན་ཐོབ་ཐང་། ཁྲལ་གཉེར་བརྒྱུད་རིམ། ཁྲལ་འབྲེལ་ཉེན་ཁའི་དྲན་སྐུལ་བཅས་ཕྱོགས་8ནས་ཁྲལ་འབྲེལ་གྱི་འབྲེལ་ཡོད་དོན་གནད་ཁག་ལ་གསེད་བཀྲོལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།