2026ལོའི་ནུས་རྒྱུའི་དཔལ་འབྱོར་དང་ཐཱན་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་གཉེར་བ།
ཟླ་8ཚེས་6ཉིན། 2026ལོའི་ནུས་རྒྱུའི་དཔལ་འབྱོར་དང་ཐཱན་རྩེར་སོན་དང་ཐཱན་ཚད་སྙོམ་སྦྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་གླེང་སྟེགས་ཧྲའན་ཤིས་ཞིང་ཆེན་ཡུས་ལིན་གྲོང་ཁྱེར་དུ་གཉེར་བ་རེད། གླེང་སྟེགས་ཀྱིས“གསར་པར་ཕྱོགས་པ་དང་། ལྗང་མདོག་ལ་ཕྱོགས་པ། འབྱུང་འགྱུར་ལ་ཕྱོགས་པ”བརྗོད་དོན་གཙོ་བོར་བྱས་ནས་སྐད་ཆ་ཤོད་རེས་དང་སྤེལ་རེས་ཀྱི་ལས་སྟེགས་བཏོད་པ་དང་། ལྗང་མདོག་ཕྱོགས་སྒྱུར་གྱི་ཉམས་མྱོང་མཉམ་སྤྱོད་བྱས་ཏེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་མགྱོགས་པོ་ཡོང་བ་དང་། ནུས་རྒྱུའི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐུན་མོང་ངོས་འཛིན་གཅིག་སྡུད་དང་སྟོབས་ཤུགས་གཅིག་སྒྲིལ་སྔར་བས་བྱས་ཡོད།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་པུའུ་ཨུད་ཀྱི་འགན་འཁུར་བློ་མཐུན་དང་། ས་གནས་སྲིད་གཞུང་དང་ཁེ་ལས་ཀྱི་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་དང་མཁས་དབང་སོགས་གླེང་སྟེགས་ལ་ཞུགས་ཡོད་པ་རེད། གླེང་སྟེགས་ཐོག་ད་དུང《ཡུས་ལིན་གྱི་ནུས་རྒྱུ་གསར་བརྗེ་གསར་གཏོད་དཔེ་སྟོན་ཁུལ་གྱི་གསར་གཏོད་ལག་ལེན་ཞིབ་འཇུག་སྙན་ཞུ(2026)》ཁྱབ་བསྒྲཌ་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།