དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀྲུང་གོ་ཐོན་ཁུངས་རྒྱུན་འཁོར་ཚོགས་པ་ཚད་ཡོད་ཀུང་སིའི“བསྐྱར་སྐྱེས་གསར་པའི་དྲ་བའི”ལས་སྟེགས་ཐོག་ཚོང་ཟོག་ཉོ་འཚོང་བྱས་ཚད་ཁྱོན་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-09

    ཀྲུང་གོ་ཐོན་ཁུངས་རྒྱུན་འཁོར་ཚོགས་པ་ཚད་ཡོད་ཀུང་སིའི་འོག་གི“བསྐྱར་སྐྱེས་གསར་པའི་དྲ་བའི”ལས་སྟེགས་ཐོག ཚོང་ཟོག་ཉོ་ཚོང་བྱས་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་ཡོད་པ་རེད།

    “བསྐྱར་སྐྱེས་གསར་པའི་དྲ་བ”ནི་བསྐྱར་སྐྱེས་ཐོན་ཁུངས་ཀྱི་མདུན་སྣེའི་ཚུར་བསྡུའི་ཚོང་དུད་ཁ་ཐོར་དང་སྨད་རྒྱུད་ཀྱི་མཁོ་མེད་མཁོ་ཡོད་དུ་སྒྱུར་མཁན་དངོས་ཚན་ཁེ་ལས་ཁག་ལ་ཉོ་ཚོང་མཚམས་སྦྱོར་དང་། ཉོ་ཚོང་ཆ་འཕྲིན་དཔང་ཉར། མ་དངུལ་མཇུག་རྩིས། མཛོད་འཇུག་ཟོག་འགྲུལ། མཁོ་སྤྲོད་འཁོར་འབྲེལ་གྱི་དངུལ་རྩ། གྲངས་གཞི་ལྟ་འདོམས་སོགས་ཕྱོགས་བསྡུས་ཞབས་འདེགས་ཞུ་བའི་ཕྱོགས་གསུམ་པའི་ཐོན་ལས་དྲ་སྦྲེལ་གྱི་གྲངས་འཛིན་ལས་སྟེགས་ཤིག་རེད། མིག་སྔའི་བར། “བསྐྱར་སྐྱེས་གསར་པའི་དྲ་བའི”ལས་སྟེགས་ཐོག་ཚོང་ཟོག་ཉོ་ཚོང་བྱས་ཚད་རིམ་རྩིས་བརྒྱབ་ན་སྒོར་དུང་ཕྱུར་1000ལྷག་ཙམ་ཟིན་པ་དང། དེའི་ནང་ལས་སྟེགས་ཞབས་ཞུ་བརྒྱུད་པའི་འཛིན་ཤོག་ལྡོག་ལེན་ལས་སྒོའི་གཞི་ཁྱོན་སྒོར་དུང་ཕྱུར་250ལྷག་ཙམ་ཟིན་ནས་འབྲེལ་ཡོད་ལས་སྒོའི་རིམ་རྩིས་མཛོད་བཅུག་ཁྲལ་དངུལ་སྒོར་དུང་ཕྱུར་24ལྷག་ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་རང་བྱུང་མི་ཁྲི་2.5ལྷག་ཙམ་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ཁྲི་2.3ལྷག་ལ་ཞབས་འདེགས་ཞུས་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།