དབྱར་གསེང་རིང་རྒྱལ་ཁོངས་སུ་ཡུལ་སྐོར་བྱེད་པའི་ཚ་རླབས་འཕྱུར་བ།

འདི་ནི་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཀོང་ཤིས་ཀུའེ་ལིན་གྲོང་ཁྱེར་ལུང་ཧྲེང་མི་རིགས་ཁག་གི་རང་སྐྱོང་རྫོང་ལུང་ཅི་སྐས་ཞིང་མཛེས་ལྗོངས་ཁུལ་དུ་དྲན་རྟེན་པར་རྒྱག་བཞིན་པ།

འདི་ནི་ཉེ་ཆར་དབྱི་སི་རལ་གྱི་ཡུལ་སྐོར་བས་ཡུན་ནན་ཞིང་ཆེན་ཏ་ལི་པའེ་རིགས་རང་སྐྱོང་ཀྲོའུ་ཨེར་ཡོན་རྫོང་ཧྥུང་ཡུས་ཀུའུ་གྲོང་རྡལ་དུ་བཀབ་པར་རྒྱག་སྟངས་མྱོང་རོལ་བྱེད་བཞིན་པ།

འདི་ནི་ཉེ་ཆར་ཕྱི་རྒྱལ་གྱི་ཡུལ་སྐོར་བས་ཀུའེ་ཀྲོའུ་ཞིང་ཆེན་ཏུའུ་ཡུན་གྲོང་ཁྱེར་ཧྲི་པེན་ཁྲོམ་གཞུང་དུ་པར་རྒྱག་བཞིན་པ།
དབྱར་གསེང་རིང་། ཕྱི་རྒྱལ་གྱི་གྲོགས་པོ་སྔར་བས་མང་བ་ཞིག་ཀྲུང་གོར་ཡོང་ནས་ཀྲུང་གོ་བའི་འཚོ་བ་ཉམས་ལེན་བྱས་ཏེ་དབྱར་དུས་ཀྱི་ཀྲུང་གོའི་ཉམས་འགྱུར་ཚོར་བར་བྱས་ཡོད། ཉེ་དུས་འབྲེལ་ཡོད་སྡེ་ཚན་གྱིས་ཡོངས་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། ལོ་སྟོད་དུ་ཀྲུང་གོར་ཡོང་མཁན་ཕྱི་རྒྱལ་བའི་ཁྲོད་ཕྱི་རྒྱལ་གྱི་ཡུལ་སྐོར་བ་77.7%གྱིས་ཐོངས་མཆན་མི་དགོས་པར་རྒྱལ་ཁོངས་སུ་འཛུལ་བའི་སྟབས་བདེ་ལོངས་སུ་སྤྱད་ཡོད།
འབྲེལ་ཡོད་གསར་འགྱུར།