པར་རིས་གསར་འགྱུར།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་ལྷ་སའི་སྐྱིད་ཆུ་འབབ་རྒྱུད་ཀྱི་མ་ལག་ཕྱོགས་བསྡུས་བཅོས་སྒྲིག་ལ་སྤྱི་འདོམས་སྐུལ་འདེད་བཏང་སྟེ། སྐྱེ་ཁམས་སླར་གསོ་དང་། ཆུ་ལོག་སྔོན་འགོག ཁོར་ཡུག་བཅོས་སྒྲིག མཛེས་ལྗོངས་ལེགས་གཏོང་བཅས་ཀྱི་ལས་གྲྭ་གཞི་གཅིག་ཏུ་ལག་ལེན་བསྟར་བཞིན་ཡོད། ད་ཆ་གྲོང་ཁུལ་གྱི་ཆུ་ལམ་དུ་ཆུ་མོ་དྭངས་ཤིང་ཆུ་ངོགས་ཀྱི་རྩྭ་རྩི་ཤིང་སྔོ་བ་དང་། ཆུ་ཁོངས་བར་མཐོངས་རྒྱུན་མཐུད་རྒྱ་སྐྱེད། ས་ཁོངས་ཀྱི་བརླན་ཚད་དང་གསོ་རླུང་འདུས་ཚད་མཐོ་རུ་ཕྱིན་ནས་གྲོང་ཁྱེར་གྱི་སྡོད་མལ་ལ་འཚམ་པའི་སྤུས་ཚད་ལེགས་སུ་ནུས་ལྡན་ཕྱིན་ཏེ། མི་ཆུ་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་གནའ་གྲོང་གི་སྐྱེ་ཁམས་རྣམ་པ་ཞིག་གྲུབ་ཅིང་། འདི་ནི་ལྷ་སའི་སྐྱིད་ཆུའི་གྲོང་ཁུལ་དུམ་བུའི་ཆུའི་མ་ལག་དང་ངོགས་གཉིས་ཀྱི་སྔོ་ལྗང་མཛེས་ལྗོངས་ཡིན་པ།
འབྲེལ་ཡོད་གསར་འགྱུར།