དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”དང་འཐུས་མིའི་འབྲེལ་གཏུག་ས་ཚིགས་3400ལྷག་ཙམ་ས་མཐོར་བཙུགས་པ།

    རང་ལྗོངས་ཀྱི་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-09

    ཉེ་བའི་ལོ་ཤས་རིང་། རང་ལྗོངས་ཀྱིས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཀྱི་གཡུལ་ས་འཛུགས་སྐྲུན་གཏིང་ཟབ་བྱེད་པ་དང་། གཞི་རིམ་མི་དམངས་འཐུས་ཚོགས་ཀྱི་འགན་སྒྲུབ་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་གཏོང་བ་དང་འཐུས་མིའི་འགན་སྒྲུབ་ཀྱི་སེམས་ཤུགས་འཕེལ་བར་བྱས་ཏེ། མང་ཚོགས་དང་འབྲེལ་འདྲིས་བྱེད་པ་དང་། དམངས་ཆེད་འགན་འཁྲི་སྒྲུབ་པ། ལྟ་སྐུལ་གྱི་མཐུན་རྐྱེན་སྦྱོར་བ་བཅས་ཀྱི་གཞི་རིམ་ལས་སྟེགས་སྟོབས་ཆེན་བསྐྲུན་ནས། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགན་འཁྲི་སྒྲུབ་སྐབས་གཞི་རིམ་དུ་གཞིས་ཚུགས་ཐུབ་པ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་ཐུབ་པ། དམངས་འཚོར་ཕན་འདོགས་པ་བཅས་བྱས་ཡོད། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”དང་འཐུས་མིའི་འབྲེལ་གཏུག་ས་ཚིགས་3400ལྷག་ཙམ་སྐལ་བཟང་མེ་ཏོག་ཇི་བཞིན་གྲོང་ཁྱེར་དང་གྲོང་གསེབ་ཏུ་ཁྱབ་ནས། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོའི་ལག་ལེན་གྱི་རྩ་བ་གཞི་རིམ་གྱི་ས་གཞི་གཤིན་པོར་བརྟན་པོར་ཚུགས་ཡོད།

    ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་གི“མི་དམངས་འཐུས་ཚོཌ་ཀྱི་འཐུས་མིའི་ཁྱིམ་གཞིས”ཀྱིས“དམངས་ཀྱི་རེ་འབོད་ལ་ང་ཡིས་བརྡ་ལན་ཞུ”ཞེས་པའི་དོན་གྲོས་ལྟ་སྐུལ་ལས་སྟེགས་ལ་བརྟེན་ནས་མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”བསལ་ཡོད། ཟླ་རེའི་ཚེས་10ཉིན། འདི་གར་འཐུས་མིས་འདེམས་དམངས་ལ་སྣེ་ལེན་ཞུ་བའི་བྱེད་སྒོ་དུས་ཐོག་ཏུ་སྤེལ་གྱི་ཡོད། མི་རིང་བའི་གོང་། གླ་ཆ་ཡུན་རིང་འགྱངས་པའི་ངལ་རྩོལ་གླ་ཆའི་རྩོད་གཞི་ཞིག་འདི་གར་བདེ་བླག་ངང་བསལ་བ་སྟེ། མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་ཤང་གི་ལས་བྱེད་པ་དང་། འབྲེལ་ཡོད་ས་ཚིགས་དང་སུའོ་ཡི་ལས་དོན་པ། གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ་སོགས་དང་མཉམ་དུ་དོ་བདག“འཐུས་མིའི་ཁྱིམ་གཞིས”སུ་གདན་དྲངས་ཏེ། ངོ་ཐུག་གདོང་འཕྲད་ངང་དོན་དངོས་བརྗོད་པ་དང་སྲིད་ཇུས་ལ་འགྲེལ་བཤད་བརྒྱབ་མཐར་འདུམ་འགྲིག་ཐུབ་ཡོད། 2025ལོ་ཚུན། ལྷུན་རྩེ་རྫོང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིས་འགལ་བ་དང་རྩོད་གཞི་ཁག་257བདེ་བླག་ངང་འདུམ་འགྲིག་བྱས་པའི་ནང་གྲོང་ཚོ་དང་ཁྱབ་ཁོངས་ལས་བརྒལ་བའི་རྙོག་འཛིང་ཆེ་བའི་འགལ་བ་150ཡོད་པ་དང་། མང་ཚོགས་ལ་ཆད་དངུལ་སྒོར་ཁྲི་3757.5ལྷག་ཙམ་ལེན་རོགས་བྱས་ཡོད། མང་ཚོགས་ཀྱིས“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ནི“གྲོས་དོན་ཁང”རེད་ལ། དཀའ་གནད་ཐག་གཅོད་བྱ་ཡུལ་ཞིག་དེ་བས་ཀྱང་རེད་ཅེས་བརྗོད་ཀྱི་ཡོད།

    གངས་ལྗོངས་ས་མཐོའི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”ཁག་ཏུ་དེ་དང་འདྲ་བའི་གནས་ཚུལ་མང་པོ་བྱུང་ཡོད།

    2015ལོར་ལྗོངས་ཡོངས་ཀྱི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”འཛུགས་གཏོད་དང་ཁྱབ་གདལ་གྱི་ལས་དོན་སྤེལ་འགོ་ཚུགས་ཚུན། ལྗོངས་ཡོངས་སུ་གྲོང་ཁྱེར་དང་། རྫོང་། ཤང་བཅས་རིམ་པའི“མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”800དང་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་འབྲེལ་གཏུག་ས་ཚིགས་དང་བྱེད་སྒོ་ཁང་2627བསྐྲུན་པར་ཁྱོན་འབྲེལ་གཏུགས་ས་ཚིགས་3400ལྷག་ཙམ་ཡོད། རིམ་ཁག་མི་དམངས་འཐུས་ཚོགས་ཀྱིས་ཡུལ་བབ་དང་བསྟུན་ནས“ཁྱིམ་གཞིས”མང་ཚོགས་ཀྱི་ཉེ་འགྲམ་དུ་བསྐྲུན་པའི་ནང་ནས་ལ་ལ་དམངས་ཕན་ཞབས་ཞུའི་ལྟེ་གནས་སུ་ཡོད་པ་དང་། ལ་ལ་ཤང་དང་གྲོང་རྡལ་གྱི་ཕྱོགས་བསྡུས་གཞུང་ལས་ཁུལ་དུ་ཡོད་ཅིང་། ད་ཆ་གཡུལ་ས་ཆུང་ཆུང་དེ་དག་འཐུས་མིའི་འགན་འཁྲི་སྒྲུབ་ཡུལ་དང་མང་ཚོགས་ཀྱི་རེ་འདུན་གོང་ཞུ་བྱ་ཡུལ་དུ་གྱུར་ཡོད།

    མངའ་རིས་ས་ཁུལ་གྱིས་འཐུས་མིའི་འགན་སྒྲུབ་དཔྱད་བསྡུར་ལམ་སྲོལ་བཙུགས་ནས་ལོ་ལྟར་ལས་འགན་སྒྲུབ་ཚུལ་གསལ་ཞུའི་དཔྱད་མོལ་ཐེངས་གཉིས་བྱས་ཏེ། འཐུས་མིས་ལས་འགན་བསྒྲུབས་པར་མང་ཚོགས་ཀྱིས་གདེང་འཇོག་བྱེད་ཀྱི་ཡོད། ས་གནས་ཁག་གིས་ད་དུང“འཐུས་མིའི་འདུམ་འགྲིག+སྣ་མང་མཉམ་འགུལ”དང“ཁག་གཅིག་བྱས་པ་དགུ”སོགས་ཀྱི་གསར་གཏོད་བྱ་ཐབས་འཚོལ་ཞིབ་བྱས་ཏེ། དམངས་གཙོ་དེ་ཉིད“ཡིག་ཆ”ནས“ལག་ལེན”ལ་འགྱུར་བར་བྱས་ཡོད།

    དམངས་འདོད་འཚོལ་བསྡུ་བྱེད་པའི“སྣེ་ལེན་ཉིན་མོ”ནས་སྲིད་གླེང་སྲིད་སྐུལ་གྱི“དོན་གྲོས་ཁང”བར་དང་། འགལ་བ་སེལ་བའི“འདུམ་འགྲིག་ཁང”ནས་སྲིད་ཇུས་དོན་འཁྱོལ་གྱི“ལྟ་སྐུལ་ལས་གནས”བར། “མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ཁྱིམ་གཞིས”དང་འཐུས་མིའི་འབྲེལ་གཏུག་ས་ཚིགས་3400ལྷག་ཙམ་དག་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་ལག་ལེན་བསྟར་བའི་བོད་ཀྱི་གསོན་ཉམས་དོད་ཤོས་དང་དྲོ་སྐྱིད་ཆེ་ཤོས་ཀྱི་མཆན་འགྲེལ་ལྟ་བུར་འགྱུར་བཞིན་ཡོད། 

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།