ལོ་སྟོད་དུ་རྒྱལ་ཁབ་གསར་སྤེལ་དངུལ་ཁང་གི་ཞིང་ལས་དངུལ་བུན་གཏོང་ཚད་དུས་མཚུངས་ལས་111%འཕར་བ།
ཉེ་ཆར། གསར་འགོད་པར་རྒྱལ་ཁབ་གསར་སྤེལ་དངུལ་ཁང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ད་ལོའི་ལོ་སྟོད་དུ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཚད་གཞི་མཐོ་བའི་ཞིང་ཁ་དང་། དེང་རབས་སྒྲིག་བཀོད་ཞིང་ལས། ཞིང་ལས་ཀྱི་ཐོན་སྐྱེད་ནུས་ཤུགས་གསར་མ། གསར་སྦོལ་ཁུལ་འཕེལ་རྒྱས་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། ཞིང་ལས་དངུལ་བུན་སྒོར་དུང་ཕྱུར་259བཏང་བ་དེ་དུས་མཚུངས་ལས་111%འཕར་ནས། ཞིང་ལས་ཀྱི་ཕྱོགས་བསྡུས་ཐོན་སྐྱེད་ནུས་པ་ཆེ་རུ་དང་། སྤུས་ཚད་ལེགས་སུ། ཕན་འབྲས་ཆེ་རུ་གཏོང་བར་རྒྱབ་སྐྱོར་བྱས་པ་རེད།
ད་ལོ་ཚུན་དུ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་གིས་ཞིང་ཁ་འཛུགས་སྐྲུན་གྱི་ཆེད་དོན་དངུལ་བུན་ཡག་པོ་སྤྱད་ནས། ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་དང་། ཞིང་ཁའི་ཆུ་བེད་སྒྲིག་བཀོད་རིམ་སྤོར། དེ་བཞིན་ཞིང་ཁའི་འགོག་སྲུང་ལས་གྲྭ་དང་། སྐྱེ་ཁམས་ཞིང་ཁ། རིག་ལྡན་ཞིང་ཁ་བཅས་སྐྲུན་པར་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཏེ། ཡུལ་བབ་དང་བསྟུན་ནས་བ་ཚྭ་ཅན་གྱི་ས་ཞིང་བཅོས་སྒྲིག་དང་ལེགས་སུ་གཏོང་བར་རྒྱབ་སྐྱོར་དང་། རྨོ་ཞིང་གི་སྤུས་ཚད་མཐོ་རུ་གཏོང་བར་ཞབས་འདེགས། འབྲུ་རིགས་ཐོན་སྐྱེད་ལ་འགན་ལེན་བཅས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།