ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་སློབ་སྦྱོང་སློབ་གསོ་གཏིང་ཟབ་སྤེལ་བ།
དམངས་ལ་བདེ་རྩ་སྐྲུན་ཆེད་ཐབས་ཇུས་དངོས་འདོན་པ་དང་ཕན་འབྲས་དངོས་ཐོན་པར་ཤུགས་རྒྱག་པ།
མིག་སྔར་ས་ཁུལ་ཁག་དང་། སྡེ་ཚན་ཁག ཚན་པ་ཁག་བཅས་ཀྱིས་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་གྱི་སློབ་སྦྱོང་སློབ་གསོ་མུ་མཐུད་གཏིང་ཟབ་སྤེལ་ནས། སྦྱོང་བཤེར་བཅོས་གསུམ་ལ་སྡེབ་གཅིག་ཏུ་སྐུལ་འདེད་བཏང་སྟེ། རིགས་པའི་གཞུང་ལུགས་ཀྱི་དྲག་ཆས་ལ་བརྟེན་ནས་ཏང་གཤིས་ལ་ཞུན་བརྡར་གཏོང་བ་དང་། བརྟག་དཔྱད་ཞིབ་འཇུག་ལ་བརྟེན་ནས་གནས་ཚུལ་ངོ་མ་མཐིལ་རྟོགས་བྱེད་པ། སྒོ་མོ་འབྱེད་པར་བརྟེན་ནས་དམངས་ཀྱི་བསམ་ཚུལ་བསྡུ་ལེན་རྒྱ་ཁྱབ་བྱེད་པ། སྒྲིག་སྲོལ་ལམ་ལུགས་བཟོ་བར་བརྟེན་ནས་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། དམངས་ལ་བདེ་རྩ་སྐྲུན་ཆེད་བྱ་ཐབས་དངོས་འདོན་པ་དང་ཕན་འབྲས་དངོས་ཐོན་པར་ཤུགས་རྒྱག་བཞིན་ཡོད་པ་རེད།
རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་རྒྱུན་མཐུད་གཏོང་བ།
ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཐུའུ་ལུའུ་ཧྥན་གྲོང་ཨུད་ཀྱིས《ཞི་ཅིན་ཕིང་གི་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་བསྟར་རྒྱུའི་སྐོར་གྱི་རྣམ་བཤད་གནད་བསྡུས》མུ་མཐུད་དེ་ཇི་མ་ཇི་བཞིན་ཞིབ་ཀློག་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་གསར་ཤོས་འཕྲལ་དུ་རྗེས་སྙེག་སློབ་སྦྱོང་བྱེད་པ། དཔེ་ཀློག་འཛིན་གྲྭ་བརྒྱུད་ནས་གཏིང་ཟབ་ཀློག་པ་དང་། ཆེད་དོན་ཟུར་ཁྲིད་ལ་བརྟེན་ནས་འགྲེལ་བཤད་གཏིང་ཟབ་རྒྱག་པ། གཅིག་སྡུད་བགྲོ་གླེང་བྱས་ནས་གོ་བ་གཏིང་ཟབ་ལེན་པ་བཅས་ཀྱི་སྣེ་ཁྲིད་སློབ་སྦྱོང་བྱེད་སྟངས་ལ་བརྟེན་ནས། གྲོང་ཁྱེར་ཡོངས་ཀྱི་རིམ་ཁག་འགོ་ཁྲིད་ཚན་ཁག་གི་རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་རྒྱུན་རྣམ་ཅན་དུ་སྒྱུར་བར་སྐུལ་ཁྲིད་བྱེད་བཞིན་ཡོད། དེ་དང་ཆབས་ཅིག གྲོང་ཁྱེར་དང་ཆུས(རྫོང)ཀྱི་ཏང་ཡོན་འགོ་ཁྲིད་ལས་བྱེད་པ་1700ཙམ་དང་། ཏང་ཀྲི་པུའི་ཧྲུའུ་ཅི་2300ལྷག་ཙམ་གྱིས་དོན་དངོས་དང་ཟུང་འབྲེལ་གྱིས་ཆེད་དོན་ཏང་གི་སློབ་ཚན་ཁྲིད་དེ། ཏང་ཡོན་ལས་བྱེད་པར་ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱི་ལག་ལེན་གྱི་སྟོབས་ཤུགས་ཆེན་པོ་ཚོར་དུ་བཅུག་ཡོད།
སློབ་སྦྱོང་སློབ་གསོ་སྤེལ་ཚུན། ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་ཆིན་ཀྲོའུ་གྲོང་ཁྱེར་གྱིས“མིས་བཟོས་གཙང་པོའི་རྒྱུད་དུ་ཏང་དར་དམར། ཞབས་འདེགས་ཞུས་ནས་གདོང་ལེན་བྱེད་པར་བརྩོན”ཞེས་པའི་ཏང་འཛུགས་སྐྱོང་གི་སྤུས་རྟགས་གཏོད་པའི་ལས་དོན་རྒྱུན་མཐུད་སྤེལ་ཤུགས་ཆེ་རུ་བཏང་བ་དང་། རིགས་པའི་གཞུང་ལུགས་ཀྱི་སློབ་སྦྱོང་འཆར་གཞི་བཟོས་པ་མ་ཟད། ཕིང་ལུའུ་ཡི་མིས་བཟོས་གཙང་པོའི་རྣམ་གྲངས་འཛུགས་སྐྲུན་དང་། ཁེ་ལས་ཀྱི་ཐོན་སྐྱེད། བཀོད་སྒྲིག་ཡུག་ཁུལ་གྱི་འཐབ་ས་དང་པོ་སློབ་སྦྱོང་དང་བགྲོ་གླེང་བྱ་ཡུལ་དུ་བྱས་ནས། ཚད་གཞི་དང་སྤུས་ཚད་མཐོ་པོས་དུས་རབས་ཀྱི་ལས་གྲྭ་སྐྲུན་རིང་། ཏང་ཡོན་ལས་བྱེད་པས་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་པའི་ཁྲོད་ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ཡོད་པ་རེད།
ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ལྟེ་གནས(ཅུས) ཀྱིས་རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས། ཏང་ཨུད་ཀྱི་འགོ་ཁྲིད་ཚན་པའི་ཆེད་དོན་དཔེ་ཀློག་འཛིན་གྲྭ་བཙུགས་པ་དང་། “ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས། དངོས་སྒྲུབ་འགན་འཁུར་གྱིས་བྱས་རྗེས་གསར་པ་འཇོག”ཅེས་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ་རེད། ཏང་དང་རྒྱལ་ཁབ་ཀྱི་ཚོགས་འདུ་གལ་ཆེན་བདེ་བླག་ཚོགས་པར་འགན་ལེན་བྱེད་རིང་། མི་རིགས་སྐད་ཡིག་མཉམ་བགྲོད་སྐད་སྒྱུར་ཚོགས་ཆུང་གིས་རིགས་པའི་གཞུང་ལུགས་སློབ་སྦྱོང་གི་གྲུབ་འབྲས་ལ་བརྟེན་ནས་ལས་ཀའི་སྤུས་ཚད་ལེགས་སུ་དང་ལས་ཕྱོད་ཆེ་རུ་གཏོང་བཞིན་ཡོད་ཅིང་། རྩོམ་གྱི་མ་ཟིན་གྲ་སྒྲིག་ནན་ཏན་དང་ལྗོངས་རྣམ་འདྲ་བཟོ་བྱས་ནས་ནང་སྦྱོང་བྱས་ཏེ། ཆེད་ལས་ཀྱི་འཇོན་ཐང་དང་ལས་བཀུར་གྱི་སྙིང་སྟོབས་ལ་བརྟེན་ནས། ཆབ་སྲིད་ཀྱི་འགག་སྒོ་དང་སྤུས་ཚད་ཀྱི་འགག་སྒོ་ནན་པོར་བསྲུངས་ཏེ། རྒྱལ་ཁབ་ཀྱི་མཛད་ཕྱོགས་སྲིད་ཇུས་གལ་ཆེན་མི་རིགས་ས་ཁུལ་དང་གྲངས་ཉུང་མི་རིགས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་གནད་ལ་འཁེལ་པོས་བརྒྱུད་སྤེལ་བྱེད་པར་རམ་འདེགས་བྱེད་བཞིན་ཡོད།
མངོན་གསལ་དོད་པའི་གནད་དོན་གནད་ལ་འཁེལ་པོས་འཚོལ་བ་དང་རྩད་གཅོད་མཐའ་གསལ་གཏོང་བ།
སི་ཁྲོན་དང་ཁྲུང་ཆིང་གི་ས་སྦྲེལ་དུ་གནས་པའི་ཀའོ་ཀྲུའུ་ཁུལ་གསར་གྱི་ཏང་གི་ལས་དོན་ཨུ་ལྷན་གྱིས་ཞིབ་བཤེར་བྱེད་ཀྱིན་བཅོས་སྒྲིག་དང་འཕྲལ་སྒྲུབ་འཕྲལ་བཅོས་མཐའ་འཁྱོངས་ཀྱིས་དཔལ་འབྱོར་ཁུལ་དང་སྲིད་འཛིན་ཁུལ་འོས་འཚམ་ངང་ལོགས་སུ་དབྱེ་བའི་སྒྱུར་བཅོས་བྱ་ཐབས་འཚོལ་ཞིབ་བྱས་ནས། ཐོན་སྐྱེད་ཀྱི་གཙོ་རྒྱུའི་ནུས་ཆེའི་འཁོར་རྒྱུག་དང་བཀོད་སྒྲིག་ལ་འགོག་རྐྱེན་བཟོ་བའི་དཀའ་གནད་དང་འགག་གནད་འཚོལ་བཤེར་གཏིང་ཟབ་བྱས་པ་རེད། སྲིད་དོན་ཞབས་ཞུའི་ཐད། སྲིད་འཛིན་གྱི་ཞིབ་མཆན་འགོད་པའི་དུས་ཚོད་ཐུང་དུ་བཏང་ནས། སློབ་སྦྱོང་སློབ་གསོའི་གྲུབ་འབྲས་དེ་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ལ་རྒྱུན་མཐུད་བསྒྱུར་བ་རེད།
ཧོ་པེ་ཞིང་ཆེན་ཞིང་ཐའེ་གྲོང་ཁྱེར་གྱིས་ཕྱོགས་ཡོངས་ནས་བཤེར་འདོན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་སྲིད་དོན་ལས་རྗེས་ལྟ་བའི་བཀག་རྒྱའི་གསལ་ཐོ་བརྒྱུད་རིམ་ལྡན་པའི་ངང་གསེད་བཀྲོལ་བྱས་པ་མ་ཟད། ཉེ་བའི་ལོ་ཤས་རིང་རིགས་ཁག་གི་ལྟ་སྐུལ་ཞིབ་བཤེར་བྱེད་རིང་ཤེས་རྟོགས་བྱུང་བའི་གནད་དོན་ཁག་87ལ་དབྱེ་ཞིབ་གཏིང་ཟབ་བྱས་ནས། འབྲེལ་ཡོད་སྡེ་ཚན་ལ་ཕྱོགས་ཡོངས་ནས་འཚོལ་བཤེར་ལྟ་བསྡུར་བྱེད་པར་སྤྲད་པ་རེད། གནད་དོན་བཤེར་འདོན་བྱེད་རིང་། གཅིག་སྡུད་ཀྱིས་མཉམ་ཞིབ་དང་ཕན་ཚུན་ཞིབ་བཤེར་བྱེད་པ་ཟུང་དུ་འབྲེལ་བའི་བྱེད་ཐབས་ལག་ལེན་བསྟར་ནས། “དཔོན་གསར་གྱིས་དཔོན་རྙིང་གི་ལས་གཞུག་མི་སྐྱོང་བ”དང་། ལྗང་མདོག་ཕྱོགས་སྒྱུར། རླུང་ཁམས་ཆེན་པོ་བཅོས་སྐྱོང་། བདེ་འཇགས་ཐོན་སྐྱེད་སོགས་གཙོ་གནད་ཁྱབ་ཁོངས་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ཚན་ཁག་གི་གནས་ཚུལ་གསར་བརྗེས་ཀྱི་གསལ་ཐོར་རེ་རེ་བཞིན་དབྱེ་བཤེར་བྱས་པ་རེད།
ཅང་སུའུ་ཞིང་ཆེན་གྱི་ཁ་གཏད་རོགས་སྐྱོར་བྱ་ཡུལ་ཤིན་ཅང་དབྱི་ལི་ཀྲོའུ་ཡི་མདུན་ཕྱོགས་བཀོད་འདོམས་པུའུ་ཡིས་ཞིབ་བཤེར་ལ་བརྟེན་ནས་དཀའ་གནད་སེལ་བ་དང་དག་ཐེར་ལ་བརྟེན་ནས་ཕན་འབྲས་ཆེ་རུ་བཏང་སྟེ། སློབ་གྲྭ་དང་། སྨན་ཁང་། ཁེ་ལས་གླིང་ཁུལ། འབྲོག་ཁུལ་གྱི་ཕྱིང་གུར་སོགས་གཞི་རིམ་གྱི་འཐབ་ས་དང་པོར་བསྐྱོད་ནས་བརྟག་ཞིབ་བྱེད་པ་དང་ཆབས་ཅིག སྐོར་ཞིབ་རྩིས་བཤེར་དང་། རྒྱུན་གཏན་གྱི་བརྟག་ཞིབ། རོགས་སྐྱོར་བྱ་ཡུལ་གྱིས་ལན་སྤྲོད་པ་སོགས་ཀྱི་ཐབས་ལམ་མང་པོར་བརྟེན་ནས་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་དང་། དམངས་འཚོ་འགན་སྲུང་དང་། ཐོན་ལས་ཤིན་སྐྱོར། རིག་གནས་སྤེལ་རེས་སོགས་གཙོ་གནད་ལས་འགན་གྱི་གསལ་ཐོ་གསེད་བཀྲོལ་བྱས་པ། རྣམ་གྲངས་ལས་འགན་གྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་འདོམས་ལས་ཀའི་ལམ་སྲོལ་བཙུགས་པ། དངོས་བཤེར་དངོས་བཅོས་དང་དངོས་སྒྲུབ་དངོས་ཕན་ལ་བརྟེན་ནས་རོགས་སྐྱོར་བྱ་ཡུལ་ཡུན་རིང་བདེ་འཁོད་དང་དར་རྒྱས་གོང་འཕེལ་ཡོང་བར་བྱས་པ་རེད།
བློ་གཅིག་སེམས་གཅིག་གིས་དམངས་འཚོའི་བྱ་བ་དངོས་བསྒྲུབས་པ།
ཚོང་འགུགས་དངུལ་ཁང་གིས་དམངས་ཆེད་དངུལ་རྩ་དང་དངོས་ཚན་དཔལ་འབྱོར་ལ་ཞབས་འདེགས་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། ཚན་རྩལ་དང་། ལྗང་མདོག ཀུན་ཕན། རྒན་གསོ་བཅས་ཀྱི་ཁྱབ་ཁོངས་ལ་དམིགས་ནས་ཚན་རྩལ་གསར་གཏོད་དངུལ་བུན་དང་། འབྱུང་འཕྲོད་དངུལ་རྩ། རྒན་གསོའི་དངུལ་རྩ་སོགས་ཀྱི་ཐོན་རྫས་བཏོན་ཏེ། ཁེ་ལས་ཀྱི་མ་དངུལ་བསྡུ་སྒྲིལ་དང་མང་ཚོགས་ཀྱི་དངུལ་རྩའི་ཞབས་ཞུའི་དཀའ་གནད་ཐག་གཅོད་ཧུར་ཐག་བྱས་ཡོད། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་ཆེད། “དངུལ་ཁང་ཡོངས་ཀྱིས་ཁེ་ལས་དང་སྐུ་མགྲོན་གཙོ་བོར་ཞབས་འདེགས་ཞུ་བའི”ལམ་སྲོལ་བཙུགས་ནས་ས་ཁོངས་སྒྲོལ་བའི་ཕྱོགས་བསྡུས་ཅན་གྱི་ཞབས་ཞུ་སྲུབས་མེད་སྦྲེལ་མཐུད་ཐུབ་པར་བྱས་པ་རེད།
“དེ་སྔ་མི་མང་དུ་ཕྱིན་ཚེ་ཆུ་ཆད་འགྲོ་གི་འདུག ད་ཆ་ཆུ་ཚོད་24ཚང་མར་ཆུ་མཁོ་འདོན་ཐུབ་ཀྱི་འདུག”ཅེས་ཁྲུང་ཆིང་གྲོང་ཁྱེར་ཀྲུང་རྫོང་ཧོང་ཅིན་གྲོང་རྡལ་ཏ་ལིང་གྲོང་ཚོའི་གྲོང་མི་དབྱང་མིང་ཧྭ་ཡིས་འཛུམ་དམུལ་དམུལ་ངང་བཤད། ཀྲུང་རྫོང་གིས་ཕྱོགས་16ཐད་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་གཞིགས་ནས་སློབ་སྦྱོང་བྱེད་ཀྱིན་ཞིབ་བཤེར་དང་དག་ཐེར་བྱས་ཤིང་། གྲོང་གསེབ་ཀྱི་ཆུ་སྤྱོད་དཀའ་བའི་གནད་དོན་ལ་དམིགས་ནས་རྫོང་རིམ་པའི་གཅིག་གྱུར་དོ་དམ་ལས་སྟེགས་ཀུང་སི་དང་གྲོང་གསེབ་ཀྱི་ཆུ་མཁོ་འདོན་མཐུན་ཚོགས་ཟུང་དུ་འབྲེལ་བའི་བྱེད་སྟངས་འཚོལ་ཞིབ་བྱས་ཏེ། རྫོང་ཡོངས་སུ་ཁྱབ་པའི་ཆུ་བེད་དོ་དམ་སྲུང་སྐྱོང་དྲ་རྒྱ་བསྐྲུན་པས་གྲོང་གསེབ་ཏུ་ཆུ་ཀ་ལ་ཁྱབ་ཚད་96.5%ཟིན་ཡོད་པ་རེད།
ཀུའེ་ཀྲོའུ་ཞིང་ཆེན་ཆན་ཤར་ལྷོའི་མེའོ་རིགས་ཏུང་རིགས་རང་སྐྱོང་ཀྲོའུ་ཐན་ཀྲུའུ་རྫོང་འཕྲལ་སྡོམ་དོ་དམ་ཅུས་བཀོད་འདོམས་ལྟེ་གནས་ཀྱི་རིག་ལྡན་ལྟ་སྡོམ་བརྙན་ཤེལ་ནས་ཞོད་ཐན་གྱི་གནོད་སྐྱོན་སྔོན་འགོག་དང་ས་གཤིས་གནོད་འཚེ་འགོག་བཅོས་སོགས་ཀྱི་གྲངས་གཞི་གསར་པ་ཡང་ཡང་སྟོན་པ་དང་འགོ་ཁྲིད་ལས་བྱེད་པས་རེས་མོས་ངང་ལས་རེས་བྱེད་བཞིན་ཡོད་པ་རེད། འབྲུབ་དུས་སུ་སླེབས་ཚུན་ཐན་ཀྲུའུ་རྫོང་གིས་ཆུ་ལོག་དང་། ཆུ་མཛོད། རི་མགོའི་ཆུ་རྫིང་སོགས་གཙོ་བོར་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཕྱོགས་ཡོངས་ནས་གྲལ་བཤེར་བྱེད་པ་དང་སྦྲགས། ཏང་ཡོན་ལས་བྱེད་པ་སྒྲིག་འཛུགས་བྱས་ཏེ་དུད་ཚང་རེ་རེ་བཞིན་གྲལ་བཤེར་གྱིས་སྔོན་འགོག་བྱས་ནས། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེནབྱེད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།