ཟླ་བདུན་པར་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་50.4%ཟིན་པ།
སྤྱིའི་ཆ་ནས་རྒྱ་སྐྱེད་རྒྱུན་འཁྱོངས་ཐུབ་པ།
ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཟླ་བདུན་པའི་ཀྲུང་གོའི་ཟོག་འགྲུལ་ལས་རིགས་ཀྱི་དར་རྒྱས་སྟོན་གྲངས་50.4%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་0.2ཆག་ཅིང་། སྤྱིའི་ཆ་ནས་རྒྱ་སྐྱེད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད། དེའི་ནང་། ལས་འབོར་གྱི་སྟོན་གྲངས་50.4%ཟིན་ནས། ཟླ་3བསྟུད་མར་རྒྱ་སྐྱེད་ཀྱི་བར་མཚམས་སུ་གནས་ཡོད། མངགས་ཐོ་གསར་པའི་སྟོན་གྲངས་50.5%ཟིན་ནས་ཟླ་5བསྟུད་མར་བསྐྱར་འཕར་བྱུང་ཡོད།
ལྕགས་ལམ་སྐྱེལ་འདྲེན་ལས་རིགས་དང་། གཞུང་ལམ་སྐྱེལ་འདྲེན་ལས་རིགས། སྦྲག་སྲིད་མྱུར་སྐྱེལ་ལས་རིགས། སྣ་མང་མཉམ་འདྲེན་ཁྱབ་ཁོངས་བཅས་ཀྱི་ལས་འབོར་སྟོན་གྲངས་དེ་རྒྱ་སྐྱེད་ཀྱི་བར་མཚམས་སུ་གནས་པ་དང་། དེའི་ནང་། སྣ་མང་མཉམ་འདྲེན་ཁྱབ་ཁོངས་ཀྱི་ལས་འབོར་སྟོན་གྲངས་54%ཟིན་པ་དེ་ཟླ་བསྡུར་ལས་བརྒྱ་ཆའི་གྲངས་0.5བསྐྱར་འཕར་བྱུང་བ་དང་། ས་གནས་ཁག་གིས་ཐབས་མང་མཉམ་འདྲེན་གྱི་ཇུས་གཞི་མུ་མཐུད་གསར་གཏོད་བྱས་ཏེ། ཆུ་ཐོག་བརྒྱུད་སྐྱེལ་དང་། ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན། གཞི་གཅིག་ལམ་ལུགས། གྲངས་གཞི་མཉམ་འབྲེལ་སོགས་ལ་སྔར་བས་ཚད་བརྒལ་བྱུང་ཡོད།
ཞབས་ཞུའི་ཁྱབ་ཁོངས་ནས་བལྟས་ན། འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ཆས་དང་། འཕྲིན་གཏོང་གློག་རྡུལ། གློག་ལས་འཕྲུལ་ཆས་དང་། དེ་བཞིན་རིག་ལྡན་ཁྱིམ་སྤྱོད་གློག་ཆས་སོགས་ཐོན་ལས་ཀྱི་ཟོག་འགྲུལ་ལས་སྒོ་བརྟན་ཐོག་ཡར་འཕེལ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།