དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • སྡེ་ཚན་གཉིས་ཀྱིས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་3.3ཛ་དྲག་ངང་སྔོན་དུ་བཏང་བ།

    ཞིང་ཆེན(གྲོང་ཁྱེར)8ལ་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ཉེན་སེལ་གུད་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-08

    མིག་སྔར། རང་རྒྱལ་འདི་ཉིད་འབྲུབ་འགོག་གི་འགག་རྩའི་དུས་སུ་གནས་པ་དང་། བྱང་ཤར་དང་། ལྷོ་ནུབ། ནུབ་བྱང་སོགས་ས་ཆ་མང་པོར་རྒྱུན་མཐུད་རང་བཞིན་གྱི་དྲག་ཆར་ཡང་ཡང་བབས་ནས་ཆུ་ལོག་ཞོད་སྐྱོན་དང་ས་གཤིས་ཀྱི་གནོད་འཚེ་ཐོན་ཏེ་མི་སྣ་ཤི་རྨས་བྱུང་བ་དང་སྡོད་ཁང་བརྡིབས་ཡོད་པ་རེད།

    ཟླ་8ཚེས་5ཉིན། ནོར་སྲིད་པུའུ་དང་འཕྲལ་སྡོམ་དོ་དམ་པུས་ཀྲུང་དབྱང་གི་རང་བྱུང་གནོད་འཚེའི་གེགས་སེལ་མ་དངུལ་སྒོར་དུང་ཕྱུར་3.3ཛ་དྲག་ངང་སྔོན་དུ་བཏང་ནས་ཧེ་ལུང་ཅང་དང་། ལེའོ་ཉིང་། ཅི་ལིན། ཁྲུང་ཆིང་། སི་ཁྲོན། ཀུའེ་ཀྲོའུ། ཡུན་ནན། ཧྲའན་ཤིས་སོགས་ཞིང་ཆེན(གྲོང་ཁྱེར)8ལ་རང་བྱུང་གནོད་འཚེའི་འཕྲལ་སྡོམ་ཉེན་སེལ་གུད་སྐྱོབ་ལས་དོན་སྤེལ་བར་རྒྱབ་སྐྱོར་བྱས་པ་དང་། གནོད་འཚེ་ཕོག་པའི་མི་སྣ་འཚོལ་སྐྱོབ་དང་གནས་སྤོ་བཀོད་སྒྲིག་དང་། ཉེན་ཁ་སེལ་བ་སོགས་ཀྱི་འཕྲལ་སྡོམ་ཐག་གཅོད། ཞོར་ཐོན་གནོད་འཚེའི་མངོན་མེད་རྐྱེན་ངན་གྲལ་བཤེར་བཅོས་སྒྲིག བརྡིབས་པ་དང་གཏོར་སྐྱོན་ཕོག་པའི་མི་སེར་གྱི་སྡོད་ཁང་ཉམས་བཟོ་སོགས་ཀྱི་ལས་དོན་སྤེལ་ཏེ་གནོད་འཚེའི་གྱོང་གུན་ཆུང་དུ་གཏོང་གང་ཐུབ་བྱས་པ་རེད།

    ནོར་སྲིད་པུས་གོང་གསལ་གྱི་ཞིང་ཆེན(གྲོང་ཁྱེར)8ཀྱི་ནོར་སྲིད་སྡེ་ཚན་ལ་མ་དངུལ་གེགས་ཁུལ་དུ་གཏོང་བར་དམ་འཛིན་བྱས་ཏེ་གེགས་སེལ་མ་དངུལ་གྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་ནས་གེགས་ཁུལ་དང་གནོད་འཚེ་ཕོག་པའི་མང་ཚོགས་ཚང་མར་གེགས་སེལ་མ་དངུལ་སྤྲོད་ཐུབ་པར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་དང་གེགས་ཁུལ་གྱི་ཐོན་སྐྱེད་དང་འཚོ་བའི་སྒྲིག་ལམ་སྲུང་སྐྱོང་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།