ཞིང་ཆེན་20ཡི་དྲག་ཆར་དང་ཆུ་ལོག་སོགས་གནོད་འཚེར་འགན་བཅོལ་སྐྱིན་གསབ་སྒོར་དུང་ཕྱུར་52.1སྤྲད་པ།

འདི་ནི་ཉེ་དུས་རོལ་རྩེད་དང་དབྱིངས་ཞུགས་རྣམ་པའི་བརྗོད་དོན་གཙོ་བོའི་རིག་གནས་ཡུལ་སྐོར་གྱི་ཐེན་ཅིན་གྱི་ཆེད་གཏོང་ཡུལ་སྐོར་ནམ་ཟླ་རྟགས་ཅན་གྱི་གནའ་ཉམས་འཁོར་སྒྲོམ་ནང་ཡུལ་སྐོར་བས་ཁྲང་ཞི་ལྟ་བཞིན་པ།
གསར་འགོད་པར་ཉེ་ཆར་འཚོགས་པའི་ཀྲུང་གོ་འགན་བཅོལ་ལས་རིགས་མཐུན་ཚོགས་ཀྱི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། འདི་ལོའི་ཟླ་5པ་ནས་བཟུང་དྲག་ཆར་དང་རྒྱ་མཚོའི་རླུང་འཚུབ་སོགས་ཀྱི་རྐྱེན་པས་ཀོང་ཤིས་དང་། ཧུའུ་པེ། ཀན་སུའུ་སོགས་སུ་ཆུ་འཁྱིལ་བ་དང་། ཆུ་མཛོད་ཀྱི་རགས་ཁ་ཤོར་བ། རི་ཉིལ་བ་སོགས་ཀྱི་རང་བྱུང་གནོད་འཚེ་བསྟུད་མར་ཐོན་ཡོད། འགན་བཅོལ་ལས་རིགས་ཀྱིས་གནོད་འཚེ་ཚབས་ཆེན་གྱི་འཕྲལ་སྡོམ་ལམ་སྲོལ་དུས་ཐོག་ཏུ་ལག་བསྟར་བྱས་ཏེ་ཞབས་ཞུའི་བྱ་ཐབས་རབ་དང་རིམ་པ་བཏོན་ནས་གནོད་འཚེར་ཁ་གཏད་གཅོག་པ་དང་ཐག་གཅོད་ཡག་པོ་བྱས་ཡོད། མིག་སྔར་ཞིང་ཆེན་20ཡི་དྲག་ཆར་དང་ཆུ་ལོག་དང་། རྒྱ་མཚོའི་རླུང་འཚུབ། ས་ཡོམ་སོགས་རང་བྱུང་གནོད་འཚེར་དམིགས་ནས་འགན་བཅོལ་ལས་རིགས་ཀྱིས་རིམ་རྩིས་བརྒྱབ་ན་གནས་ཚུལ་ཁྲི་53.3རྩིས་བླངས་པར་ཚོད་དཔག་བྱས་ན་སྒོར་དུང་ཕྱུར་110.5ཡི་གྱོང་གུན་ཕོག་ཡོད་པ་དང་། དྲག་ཆར་དང་ཆུ་ལོག་དེ་བཞིན་རྒྱ་མཚོའི་རླུང་འཚུབ་ཀྱི་གནོད་འཚེར་སྐྱིན་གསབ་སྒོར་དུང་ཕྱུར་52.1སྤྲད་པ་རེད།
འབྲེལ་ཡོད་གསར་འགྱུར།