དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེས་མཐོའི་མི་དམངས་ཁྲིམས་ཁང་སོགས་སྡེ་ཚན་དྲུག་གིས་བསམ་འཆར་བཀྲམ་སྟེ།

    གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་དཔུང་ཁག་གི་ཚད་ལྡན་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-08

    གསར་འགོད་པར་ཆེས་མཐོའི་མི་དམངས་ཁྲིམས་ཁང་ནས་ཤེས་རྟོགས་བྱུང་བར། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་ཀྲུང་དབྱང་རྩ་འཛུགས་པུའུ་དང་། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན། ཀྲུང་དབྱང་སྒྲིག་ཁོངས་ཨུ་ལྷན་གཞུང་དོན་ཁང་། ནོར་སྲིད་པུའུ། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་བཅས་དང་མཉམ་འབྲེལ་ཐོག《མི་དམངས་ཁྲིམས་ཁང་གི་གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་དོ་དམ་ལས་དོན་ལ་སྔར་བས་ཤུཌ་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་ནས་གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་དཔུང་ཁག་གི་ཚད་ལྡན་དོ་དམ་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་པ་རེད།

    བསམ་འཆར་ནང་། མི་དམངས་ཁྲིམས་ཁང་གི་དྲུང་ཡིག་འདྲི་གཅོད་ལས་སྒོའི་སྡེ་ཚན་དུ་བཀོད་སྒྲིག་བྱེད་དགོས་པ་དང་། གཙོ་བོ་གདན་ཞུའི་ལམ་ལུགས་ཀྱི་དོ་དམ་ལག་བསྟར་བྱེད་དགོས་པ་ལས་རྩ་དོན་ཐོག་སྲིད་ཁྲིམས་ཀྱི་ཆེད་དོན་སྒྲིག་ཁོངས་སླར་ཡང་བཟུང་མི་རུང་། གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་ལ་མི་སྣ་བཀོལ་སྤྱོད་ཀྱི་གྲངས་འབོར་དོ་དམ་བྱེད་དགོས། ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་སྐྱོང་གྲོང་ཁྱེར)ཁག་གི་མི་དམངས་ཁྲིམས་ཁང་གི་དྲུང་ཡིག(སྒྲིག་ཁོངས་དང་གདན་ཞུའི་ལམ་ལུགས་གཉིས་ཀ་ཚུད་པ)གི་གྲངས་འབོར་དེ་ཞིབ་བཤེར་གཏན་འབེབས་བྱས་པའི་ཁྲིམས་དཔོན་གྱི་གྲངས་འབོར་དང་ཧ་ལམ་གཅིག་མཚུངས་ཡིན་དགོས་པ་མ་ཟད། གཞི་ཁྱོན་ཚོད་འཛིན་ནན་པོའང་བྱེད་དགོས། མི་དམངས་ཁྲིམས་ཁང་གིས་གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་དང་ཐད་ཀར་ངལ་རྩོལ་གན་རྒྱ་བཞག་སྟེ་ངལ་ནུས་མངགས་གཏོང་དང་ལས་མི་བཀོལ་སྤྱོད་བྱེད་སྟངས་རིམ་བཞིན་མེད་པ་བཟོ་བ་དང་། གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་གི་ལས་རིགས་ཀྱི་གཏོགས་སེམས་དང་མོས་སེམས་ཆེ་རུ་རྒྱུན་མཐུད་གཏོང་དགོས་པ་ཁ་གསལ་བཏོན་ཡོད།

    བསམ་འཆར་ནང་། ཞིང་ཆེན་རིམ་པ་དང་དེ་མན་གྱི་མི་དམངས་ཁྲིམས་ཁང་གི་གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་བསྡུ་བར་རྩ་དོན་ཐོག་མཐོ་རིམ་མི་དམངས་ཁྲིམས་ཁང་གིས་གཅིག་གྱུར་སྒྲིག་འཛུགས་བྱེད་དགོས། གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་དཀོན་པ་དང་། ཞིང་ཆེན་རིམ་པའི་གཅིག་གྱུར་གདན་ཞུའི་དུས་འཁོར་ཅུང་རིང་བ། ལས་མི་དང་གྱོད་གཞིའི་ཁ་གྲངས་མང་ཉུང་ཤུགས་ཆེན་ཤོར་བ་བཅས་ཀྱི་འབྲིང་རིམ་མི་དམངས་ཁྲིམས་ཁང་དང་ཐད་གཏོགས་གྲོང་ཁྱེར་གྱི་གཞི་རིམ་མི་དམངས་ཁྲིམས་ཁང་གིས་མཐོ་རིམ་མི་དམངས་ཁྲིམས་ཁང་ལ་སྙན་སེང་ཞུས་ནས་ཆོག་མཆན་ཐོབ་རྗེས་འབྲེལ་ཡོད་ཆ་རྐྱེན་དང་གོ་རིམ་གཞིར་བཟུང་རང་དགར་གདན་ཞུའི་ལས་དོན་སྤེལ་ཆོག གདན་ཞུའི་ལམ་ལུགས་ཀྱི་དྲུང་ཡིག་བསྡུ་བར་ཡིག་རྒྱུགས་དང་རྟོག་ཞིབ་ཟུང་འབྲེལ་བྱེད་ཐབས་སྤྱོད་དགོས་ཤིང་། སྤྱིར་ན་གདན་ཞུའི་སྤྱི་བསྒྲགས་སྤེལ་བ་དང་། མིང་ཐོ་འགོད་པ། ཐོབ་ཐང་ལ་ཞིབ་བཤེར་བྱེད་པ། ཡིག་རྒྱུགས་གཏོང་བ། གཟུགས་པོ་བརྟག་དཔྱད་དང་རྟོག་ཞིབ་བྱེད་པ། ཡོངས་བསྒྲགས་དང་གདན་ཞུ་སོགས་ཀྱི་གོ་རིམ་གཞིར་བཟུང་བསྡུར་གྲངས་ངེས་ཅན་བཟུང་ནས་མི་སྣ་རིམ་གྱིས་གསབ་དགོས་པ་བཏོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།