དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོས་ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་འཕྲིན་གཏོང་ཨུ་ལྷན་དང་ཨ་རིའི་རྒྱལ་ཁབ་ས་ཆ་བདེ་འཇགས་པུས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཕན་མེད་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་པར་ཟློག་ལན་སློག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-08

    ཚེས་5ཉིན་ཚོང་དོན་པུའི་གསར་འགྱུར་མགྲིན་ཚབ་པས། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་འཕྲིན་གཏོང་ཨུ་ལྷན་གྱི་འབྲེལ་ཡོད་བྱེད་ཐབས་དང་ཨ་རིའི་རྒྱལ་ཁབ་ས་ཆ་བདེ་འཇགས་པུས་འབྲེལ་ཡོད་དངོས་ཚན“ཡུ་གུར་གྱི་བཙན་སྐུལ་ངལ་རྩོལ་སྔོན་འགོག་བཅའ་ཁྲིམས་ཀྱི་དངོས་ཚན་གསལ་ཐོ”ཟེར་བའི་ནང་འཇུག་རྒྱུ་ཡིན་ཞེས་པའི་བྱེད་སྟངས་དེ། རྒྱལ་ཁབ་གཉིས་པོའི་གཙོ་བདག་དབར་བྱུང་བའི་ཐུན་མོང་གི་ངོས་འཛིན་གལ་ཆེན་ལས་ཚབས་ཆེན་འགལ་བ་དང་། ཀྲུང་གོ་ཕྱོགས་ཀྱི་ལུགས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཏང་འདུག ཀྲུང་གོ་ཕྱོགས་ཀྱིས་དགོས་ངེས་ཀྱི་ཟློག་ལན་བྱ་ཐབས་སྤྱོད་རྒྱུ་ལས་མ་འདས་ཞེས་བརྗོད།

    ཉིན་དེར་མགྲིན་ཚབ་པས། ཀྲུང་ཨའི་གཙོ་བདག་ཧྥུའུ་ཧྲན་དུ་ཞལ་འཛོམས་གནང་ཚུན་དུ། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་འཕྲིན་གཏོང་ཨུ་ལྷན་གྱིས་ཀྲུང་གོ་ཕྱོགས་ནས་ངོ་རྒོལ་དྲག་པོ་བྱས་པ་དང་ཀྲུང་ཨ་རྒྱལ་ཁབ་གཉིས་པོའི་ལས་རིགས་གཅིག་པས་འབོད་སྐུལ་ཆེན་པོ་བྱས་པར་མི་བལྟོས་པར། རྒྱལ་ཁབ་ཀྱི་བདེ་འཇགས་ཞེས་པའི་ཐ་སྙད་རྒྱུན་ཆད་མེད་པར་རྒྱ་ཆེར་བཏང་ནས་ཀྲུང་གོ་དང་འབྲེལ་བ་ཡོད་པའི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་ཡང་ནས་ཡང་དུ་བཏོན་པའི་ཐད་གློག་འཕྲིན་གཉེར་སྐྱོང་དང་། ཞིབ་དཔྱད་ཚད་ལེན་ཚོད་ལྟ་ཁང་། མི་མེད་གནམ་གྲུ འཛད་སྤྱོད་རིམ་པའི་དྲ་རྒྱ་སྦྲེལ་ཆས། མཚོ་འོག་འོད་སྐུད་སོགས་ཁྱབ་ཁོངས་མང་པོ་ཚུད་ཡོད། ཉེ་ཆར་ཡང་སྔོན་ཐོན་གྱི་འཕྲུལ་མིའི་སྒྲིག་ཆས་དང་གློག་ཤུགས་ལྡོག་སྒྱུར་ཡོ་བྱད་ནང་འདྲེན་ལ་ཚོད་བཀག་བཟོ་བའི་བྱ་ཐབས་སྤྱད་པ་དང་། ལྷག་པར་དུ་ཨ་རི་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ནས་འབྲེལ་གཏུག་ཐེངས་མང་བྱས་ཀྱང་ཁ་ཡ་མ་བྱས་པར། ཟླ་7ཚེས་30ཉིན་ཀྲུང་ཨའི་དཔལ་འབྱོར་ཚོང་དོན་གྱི་སྣེ་ཁྲིད་པས་བརྙན་ལམ་ནས་ཕན་ཚུན་གླེང་མོལ་བྱས་རྗེས་ཟླ་7ཚེས་31ཉིན་སླར་ཡང་ཀྲུང་གོའི་དངོས་ཚན་40ལྷག་ཙམ“ཡུ་གུར་གྱི་བཙན་སྐུལ་ངལ་རྩོལ་སྔོན་འགོག་བཅའ་ཁྲིམས་ཀྱི་དངོས་ཚན་གསལ་ཐོ”ཟེར་བའི་ནང་བཅུག་པ་རེད། ཀྲུང་གོ་ཕྱོགས་དོན་དེར་ཡི་རངས་གཏན་ནས་མི་བྱུང་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།