དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75སོང་རིང་ནག་ཆུའི་བྱ་གཞག་ཁག་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-08

    ཉེ་ཆར། གསར་འགོད་པར་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གསར་འགྱུར་གཞུང་དོན་ཁང་གིས་འཚོགས་པའི་བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ་75འཁོར་བར་རྟེན་འབྲེལ་ཞུ་བའི་ནག་ཆུའི་འཕེལ་རྒྱས་གྲུབ་འབྲས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། བོད་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་75སོང་རིང་། ནག་ཆུ་གྲོང་ཁྱེར་གྱི་ཏང་རྩ་འཛུགས་དེ་1953ལོར་ནག་ཆུ་ལས་དོན་ཨུ་ལྷན་ཏང་ཀྲི་པུའུ་1ལས་མེད་པ་ནས་ད་ཆའི་གཞི་རིམ་ཏང་རྩ་འཛུགས་2842དང་ཏང་ཡོན་ཁྲི་7.01བར་འཕེལ་རྒྱས་སོང་ནས་ཏང་གི་འགོ་ཁྲིད་ཕྱོགས་ཡོངས་དང་ས་ཁོངས་ཡོངས་ལ་ཁྱབ་སྟེ་ནག་ཆུ་གྲོང་ཁྱེར་གྱི་བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་ལས་དོན་ལ་རྩ་བའི་ཆབ་སྲིད་འགན་ལེན་བྱས་ཡོད།

    བོད་ཞི་བས་བཅིངས་འགྲོལ་བཏང་ཚུན། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ནག་ཆུ་གྲོང་ཁྱེར་གྱིས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་བྱས་ཏེ། “དོན་ཆེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞིར”ཤུགས་སྣོན་རྒྱག་པ། ཡུལ་བབ་དང་བསྟུན་ནས་ཐོན་སྐྱེད་ནུས་ཤུགས་གསར་མ་འཕེལ་རྒྱས་གཏོང་བ། ནུས་ཤུགས་ཡོད་རྒུས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་པས། རིམ་རྩིས་བྱས་ན་རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཁུལ་དང་དཔེ་སྟོན་ཚན་པ་10བཏོད་པ་དང་། མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་དང་བློ་ཡིད་ཚིམ་ཚད་ལོ་ལྟར་99.5%ཡན་རྒྱུན་འཁྱོངས་ཐུབ་པ། བོད་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་རྡོ་རིང་བཤམས་པའི་བར་ཁྱམས་ཐོག་མ་སྟེ། ཧང་ཀྲོའུ་མི་རིགས་མཐུན་སྒྲིལ་གྱི་རྡོ་རིང་བསྐྲུན་པ། 2025ལོར་ཞིང་འབྲོག་པ་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་21586ཟིན་པ། གཞུང་ལམ་གྱི་སྤྱིའི་ལམ་ཚད་སྤྱི་ལེ་ཁྲི་3.59ལས་བརྒལ་བ། རྫོང(ཆུས)གི་གློག་དྲ་གཙོ་བོ་ཁྱོན་ཡོངས་ལ་ཁྱབ་པ་བཅས་ལས“ཞིང་འབྲོག་ལས་སྟོབས་ཆེན་དང་། ཞིང་འབྲོག་ཁུལ་མཛེས་པ། ཞིང་འབྲོག་པ་ཕྱུག་པ”བཅས་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད།

    མི་རིགས་མཐུན་སྒྲིལ་ཡར་ཐོན་ཐད། ནག་ཆུ་གྲོང་ཁྱེར་གྱིས“མཐུན་སྒྲིལ་བྱེད་དུ་འཇུག་པ”དང“མཐུན་སྒྲིལ་བྱེད་པ”གཉིས་ཟུང་དུ་སྦྲེལ་རྒྱུ་མཐའ་འཁྱོངས་བྱས་ནས་སྲོལ་རྒྱུན་གྱི་དྲིལ་བསྒྲགས་སློབ་གསོའི་རྣམ་པ་ལས་བརྒལ་ཏེ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི“ངས་ཁས་ལེན་བྱེད་པ་དང་། ངས་ཞུགས་པ། ངས་སྲུང་སྐྱོང་བྱེད་པ”བཅས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང“བསམ་བློ་སློབ་སྦྱོང་དང་། བྱ་བ་དངོས་སྒྲུབ་པ། འགྱུར་ལྡོག་གླེང་བ”བཅས་ཀྱི་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་མཉམ་སྐྲུན་གྱི་བྱེད་སྒོ་སྤེལ་ནས་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་རྣམས་མི་རིགས་མཐུན་སྒྲིལ་གྱི་བྱེད་པོ་གཙོ་བོར་འགྱུར་པར་ཁྲིད་སྟོན་ཧུར་ཐག་བྱས་ཡོད།

    ཞིང་འབྲོག་པའི་འབབ་འཕར་དེ་ཕྱོགས་གཅིག་ནས་དམངས་འཚོའི་བདེ་རྩ་དང་འབྲེལ་ཞིང་། ཕྱོགས་གཞན་ཞིག་ནས་འཕེལ་རྒྱས་བརྟན་པོ་འགྲོ་རྒྱུ་དང་འབྲེལ་ཡོད། ནག་ཆུ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་འགག་རྩའི་བྱ་ཐབས་སུ་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ཡུལ་བབ་དང་བསྟུན་པ་དང་རིགས་དབྱེ་ཇུས་བསྟར་བྱས་ཏེ་ཞིང་འབྲོག་ལས་འཕེལ་རྒྱས་ཧུར་ཐག་བཏང་ཞིང་། རྒྱུན་རྣམ་ཅན་གྱི་སྒོ་ནས་མངགས་ཐོ་རྣམ་པ་དང་ལས་གནས་གཏན་འཁེལ་རྣམ་པའི་རྩལ་ནུས་གསོ་སྦྱོང་བྱས་ཏེ། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་ནུས་ཤུགས་ཡོད་རྒུས་སྟོབས་ཆེར་བཏང་བ་དང་། ཞིང་དར་དམངས་ཕན་གྱི་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པས་ཞིང་འབྲོག་པའི་འབབ་འཕར་བརྟན་ཐོག་ཡར་འཕེལ་དང་དང་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

    ལྷག་པར་དུ། གླེང་རིན་ཡོད་པ་ཞིག་ནི། ཉེ་བའི་ལོ་ཤས་རིང་། ནག་ཆུ་གྲོང་ཁྱེར་གྱིས“ཡུལ་སྐོར་ལ་བརྟེན་ནས་གྲོང་ཁྱེར་སྟོབས་ཆེར་གཏོང་བའི”འཐབ་ཇུས་ལ་སྐུལ་འདེད་བཏང་སྟེ། རིག་གནས་ལ་བརྟེན་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བ་དང་ཡུལ་སྐོར་ལ་བརྟེན་ནས་རིག་གནས་དར་སྤེལ་གཏོང་རྒྱུ་མཐའ་འཁྱོངས་བྱས་པ་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་དང་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་དང་བེད་སྤྱོད་དང་རིག་གནས་དང་ཡུལ་སྐོར་གྱི་སྤུས་རྟགས་གཏོད་པར་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་པས། རིག་གནས་དང་ཡུལ་སྐོར་འཕེལ་རྒྱས་ཀྱི་སྤུས་ཕན་མངོན་གསལ་དོད་པོ་བྱུང་ནས་ཐོན་ལས་དར་རྒྱས་བྱུང་བ་དང་། རྒྱུན་འཛིན་གསོན་ཤུགས་རྒྱས་པ། སྤུས་རྟགས་སྟོབས་ཆེར་ཕྱིན་པ་བཅས་ཀྱི་ཁྱད་ཆོས་མངོན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།