རང་རྒྱལ་གྱིས་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར་ཁག་ཐེངས་23པ་བདེ་བླག་ངང་འཕེན་གཏོང་བྱས་པ།

འདི་ནི་སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར་ཁག་ཐེངས་23པ་འཕེན་གཏོང་བྱ་ཡུལ་ཡིན་པ།
ཚེས་4ཉིན་གྱི་ཆུ་ཚོད་16དང་སྐར་མ་52ཐོག རང་རྒྱལ་གྱིས་ཧའེ་ནན་ཚོང་ལས་འཇིག་རྟེན་འཕུར་སྐྱོད་འཕེན་གཏོང་ཁུལ་དུ་རྒྱང་སྐྱོད་ཨང་བརྒྱད་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཀ་པ་སྤྱད་དེ། སྲུང་སྐར་དྲ་སྦྲེལ་གྱི་འཁོར་ལམ་དམའ་བའི་སྲུང་སྐར་ཁག་ཐེངས་23པ་མཁའ་དབྱིངས་སུ་བདེ་བླག་ངང་འཕེན་གཏོང་བྱས་པར། སྔོན་གཏན་འཁེལ་བའི་འཁོར་ལམ་ཐོག་སྲུང་སྐར་བདེ་བླག་ངང་འབྱོར་ཏེ། འཕེན་གཏོང་ལས་འགན་རྒྱལ་ཁའི་ངང་ལེགས་གྲུབ་བྱུང་བ་རེད།
འབྲེལ་ཡོད་གསར་འགྱུར།