དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལོ་སྟོད་དུ་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་702ཐག་གཅོད་བྱས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-07

    ཉེ་ཆར། གསར་འགོད་པར་དམངས་སྲིད་པུའུ་ནས་ཤེས་རྟོགས་བྱུང་བར། 2026ལོའི་ལོ་སྟོད་དུ་རྒྱལ་ཡོངས་ཀྱི་རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་རིམ་རྩིས་བརྒྱབ་ན་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་702ཐག་གཅོད་བྱས་ཤིང་། དེའི་ནང་རྩ་འཛུགས་163དོགས་ཡོད་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱི་མིང་ཐོའི་ནང་བཅུག་པའམ་ཡང་ན་མཉམ་བཤེར་བརྡ་ཁྱབ་བཏང་བ་དང་། རྩ་འཛུགས་63ཁྲིམས་ལྟར་མེད་པར་བཟོས་པ། ཁྲིམས་འགལ་རྩ་འཛུགས་399མེད་པར་བཟོ་དགོས་པའི་བཀའ་བཏང་བ་མ་ཟད། རྩ་འཛུགས་77ཐོ་འགོད་བྱ་རྒྱུར་ཁྲིད་སྟོན་བྱས་ཡོད།

    ད་ལོའི་ལོ་སྟོད་དུ། དམངས་སྲིད་པུས་མིག་སྔའི་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་ཀྱི་བྱེད་སྒོའི་ཁྱད་ཆོས་དང་ཟུང་འབྲེལ་བྱས་ཏེ་གཞུང་ཕྱོགས་ཀྱི་རྒྱབ་ལྗོངས་རྫུན་སྤྱོད་དང་། རང་དགར“ཀྲུང་གོ”དང་། “ཀྲུང་ཧྭ” “རྒྱལ་ཡོངས”སོགས་ཀྱི་ཡིག་འབྲུ་སྤྱད་དེ་སྤྱི་དམངས་ལ་མགོ་སྐོར་གཏོང་མཁན་དང་སྒྲིག་འགལ་གྱི་བྱེད་སྤྱོད་སྤེལ་མཁན་ཁྲིམས་འགལ་སྤྱི་ཚོགས་རྩ་འཛུགས་གཙོ་གནད་ཐོག་རྡུང་རྡེག་དང་བཅོས་སྒྲིག་བྱ་ཡུལ་གྱི་ཁོངས་སུ་བཞག་པ་མ་ཟད། ས་གནས་ཁག་གིས“ཀྲུང་གོའི་སློབ་གསོ་ཞིབ་འཇུག་སློབ་ཚོགས”དང་། “རྒྱལ་ཡོངས་ཐོན་སློབ་མཉམ་འདྲེས་ལས་དོན་མཛུབ་ཁྲིད་ཨུ་ལྷན” “ཀྲུང་གོའི་དུས་རབས་གསར་པའི་རིག་གནས་འཐབ་ཇུས་ཞིབ་འཇུག་ཁང”སོགས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཁག་གཅིག་ཁྲིམས་ལྟར་མེད་པར་བཟོ་དགོས་པའི་བཀོད་སྒྲིག་བྱས་ཡོད།

    དེ་དང་ཆབས་ཅིག ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་ཤུགས་ཆེ་རུ་བཏང་ནས་ཁུངས་སྣེའི་ཡོང་ཁུངས་རྒྱ་ཆེར་བཏང་བ་དང་དམངས་སྲིད་པུས་ཁྲིམས་འགལ་གྱི་སྤྱི་ཚོགས་རྩ་འཛུགས་ཐེར་འདོན་གོང་ཞུ་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས་ཁྱབ་བསྒྲགས་བྱས་ཏེ་ཐེར་འདོན་གོང་ཞུའི་བྱེད་ཐབས་སྣ་ཚོགས་ཁ་གསལ་བཟོས་ནས་ཐེར་འདོན་གོང་ཞུ་བྱེད་པར་སྟབས་བདེ་བསྐྲུན་ཡོད། རིམ་ཁག་དམངས་སྲིད་སྡེ་ཚན་གྱིས་སྤྱི་བདེ་དང་། ཁྲོམ་ར་ལྟ་འདོམས། དྲ་འཕྲིན་སོགས་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་མཉམ་ལས་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཆ་འཕྲིན་མཉམ་སྤྱོད་དང་། ཁུངས་སྣེ་རྩིས་སྤྲོད། མཉམ་འབྲེལ་ཁྲིམས་སྒྱུར་བཅས་ཀྱི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་སྡེ་ཚན་གྱི་འགོག་རྐྱེན་མེད་པར་བཟོས་ཏེ་བཅོས་སྒྲིག་གི་མཉམ་ཤུགས་གཅིག་ཏུ་སྒྲིལ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།