དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ཁེ་ལས་ཀྱིས་སྐྲུན་འགན་ཁུར་བའི་ཨ་ཧྥེ་རི་ཁའི་བྱེ་ཐང་ལྕགས་ལམ་ཐོག་མའི“འཕྲིན་གཏོང་དང་། བརྡ་རྟགས། གློག་ཤུགས”བཅས་ཀྱི་ལས་གྲྭ་འགོ་ཚུགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-07

    ཤིན་ཧྭ་གསར་འགྱུར་ཁང་ཐུ་ནི་སི་ནས་ཟླ་8ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཨར་ཅི་རི་ཡ་ནས་གནས་ཚུལ་སྤེལ་བ་ལྟར་ན། ཨ་ཧྥེ་རི་ཁའི་བྱེ་ཐང་གི་ལྗིད་ཐེག་ལྕགས་ལམ་ཐོག་མ་སྟེ། ཚེས་2ཉིན། ཨར་ཅི་རི་ཡའི་ནུབ་རྒྱུད་ལྕཌ་ལམ་གྱི་གཏེར་ལས་ལམ་ཐིག་ཐོག་གི་འཕྲིན་གཏོང་དང་། བརྡ་རྟགས། གློག་ཤུགས་མ་ལག་བཅས་ཀྱི་ལས་གྲྭ་དངོས་སུ་སྐྲུན་འགོ་ཚུགས་པ་རེད།

    ལྕགས་ལམ་དེའི་གཏེར་ལས་ལམ་ཐིག་ཧྲིལ་པོར་སྤྱི་ལེ་950ཡོད་པ་དང་། ཀྲུང་གོ་ལྕགས་ལམ་འཛུགས་སྐྲུན་དང་ས་གནས་དེ་གའི་གཞུང་ཁོངས་ཁེ་ལས་ཀྱིས་ལམ་ཐིག་ཧྲིལ་པོ་ནས་སྤྱི་ལེ་575ཡི་སྐྲུན་འགན་འཁུར་ཡོད་པ་རེད། དེ་ནི་ཀྲུང་གོའི་ཁེ་ལས་ཀྱིས་ཨར་ཅི་རི་ཡར་སྐྲུན་འགན་འཁུར་བའི་རྨང་གཞིའི་སྒྲིག་བཀོད་འཛུཌ་སྐྲུན་གྱི་ལས་གྲྭ་ཆེ་ཤོས་ཤིག་རེད། རྣམ་གྲངས་དེ་ད་ལོའི་ཟླ་2པར་མེ་འཁོར་ཤར་གཏོང་ཐུབ་རྗེས། ཨར་ཅི་རི་ཡའི་རྒྱལ་ཁབ་ཀྱི་ལྕགས་ལམ་དྲ་བ་འཐུས་སྒོ་ཚང་དུ་ཕྱིན་ནས། ཨར་ཅི་རི་ཡའི་ལྷོ་ནུབ་རྒྱུད་ཀྱི་ཞིང་ཆེན་ཕན་ཚུན་སྦྲེལ་མཐུད་དང་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཐུབ་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།