དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་བསྐྲུན་པའི་ཨེ་ཙེ་ཨོ་ཕི་ཡའི་སྤྲོ་གསེང་གྲོང་ཚོའི་རྣམ་གྲངས་ལེགས་གྲུབ་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-07

    ཉེ་ཆར། ཀྲུང་གོ་འགྲིམ་འགྲུལ་ཚོགས་པས་སྐྲུན་འགན་ཁུར་བའི་ཨེ་ཙེ་ཨོ་ཕི་ཡའི་ཨར་པ་མོན་ཚོགས་འདུ་སྤྲོ་གསེང་གྲོང་ཚོའི་རྣམ་གྲངས་ལེགས་གྲུབ་བྱུང་བ་རེད། རྣམ་གྲངས་དེ་ནི་ཨེ་ཙེ་ཨོ་ཕི་ཡའི་ཡུལ་སྐོར་གྲོང་ཁྱེར་ཨར་པ་མོན་ཆི་གྲོང་ཁྱེར་དུ་གནས་པ་དང་། འཆར་འགོད་ཀྱི་རྒྱ་ཁྱོན་ལ་སྤྱི་ཆིང་125དང་ཁྱོན་འཛུགས་སྐྲུན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་2.53ཟིན་གྱི་ཡོད། དེའི་ནང་གཙོ་བོ་ཚོགས་འདུའི་ལྟེ་གནས་དང་། སྣེ་ལེན་ལྟེ་གནས། མགྲོན་ཁང་སོགས་ཡོད། རྣམ་གྲངས་སྤྱོད་འགོ་ཚུགས་རྗེས་ཨེ་ཙེ་ཨོ་ཕི་ཡའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཤུགས་ཆེན་ཕྱིན་ནས་ཨེ་ཙེ་ཨོ་ཕི་ཡའི་རྒྱལ་ཡོངས་ཀྱི་སྤུས་ཚད་མཐོ་བའི་ཡུལ་སྐོར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་ཐོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།