མཚོ་སྔོན་ཞིང་ཆེན་གྱི་ལོ་སྟོད་ཀྱི་དངུལ་རྩའི་སྤྱི་འབོར་བརྟན་པོ་འཕར་བ།
ཟླ་8ཚེས་4ཉིན། ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་འཚོགས་པའི་2026ལོའི་འཆར་ཅན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ཐེངས་གསུམ་པ་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ལོ་སྟོད་དུ་ཀྲུང་གོ་མི་དམངས་དངུལ་ཁང་མཚོ་སྔོན་ཞིང་ཆེན་ཡན་ལག་དངུལ་ཁང་གིས་ལྷུག་གཏོང་འོས་འཚམ་གྱི་དངུལ་ལོར་སྲིད་ཇུས་ལག་ལེན་ནན་ཏན་བསྟར་ནས་དངུལ་རྩའི་སྒྲིག་གཞིས་དངོས་ཚན་དཔལ་འབྱོར་གྱི་མ་དངུལ་བསྡུ་སྒྲིལ་གྱི་དགོས་མཁོ་དང་སྦྲེལ་མཐུད་ཧུར་ཐག་བྱེད་པར་ཁྲིད་སྟོན་བྱས་པས། ཞིང་ཆེན་ཡོངས་ཀྱི་ཡིད་རྟོན་དངུལ་བུན་གྱི་སྤྱི་འབོར་བརྟན་པོ་འཕར་ཏེ། གཙོ་གནད་ཁྱབ་ཁོངས་དང་ཉམས་ཞན་ལྷུ་ཚིགས་ལ་རྒྱབ་སྐྱོར་གནད་སྨིན་དང་ནུས་ལྡན་ཐུབ་ཡོད་པ་རེད།
སྤྱི་ཡོངས་ནས་བལྟས་ན། དངུལ་རྩའི་སྤྱི་འབོར་བརྟན་པོ་འཕར་ཞིང་། ཟླ་6པའི་ཟླ་མཇུག་ཏུ་མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་བཅོལ་དངུལ་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་8727.6ཟིན་པ་དེ་དུས་མཚུངས་ལས་4.0%འཕར་བ་དང་། ལོ་སྟོད་དུ་སྒོར་དུང་ཕྱུར་72.1འཕར་ཡོད། མཚོ་སྔོན་ཞིང་ཆེན་གྱི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ཁག་གི་ལྷག་གྲངས་སྒོར་དུང་ཕྱུར་8280.7ཟིན་པ་དེ་དུས་མཚུངས་ལས་4.2%འཕར་བ་དང་ལོ་སྟོད་དུ་སྒོར་དུང་ཕྱུར་121.9འཕར་བ་དེ་དུས་མཚུངས་ལས་སྒོར་དུང་ཕྱུར་44.7འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།