དབུ་ཤོག>གསར་འགྱུར།>མི་རིགས་མཐུན་སྒྲིལ།
  • གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱིས་བོད་རིགས་མིན་པའི་ལས་བྱེད་པས་བོད་སྐད་སྦྱོང་བའི་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    ཉེ་ཆར། གཞིས་རྩེ་གྲོང་ཁྱེར་གཏིང་སྐྱེས་རྫོང་འདྲེན་ཐང་གྲོང་རྡལ་གྱིས་བོད་རིགས་མིན་པའི་ལས་བྱེད་པས་བོད་སྐད་སྦྱོང་བའི་བྱེད་སྒོ་སྤེལ་ཞིང་། དེའི་དམིགས་ཡུལ་ནི་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་གཞི་རིམ་གྱི་ཞབས་ཞུའི་འཇོན་ཐང་ཆེ་རུ་གཏོང་ཆེད་ཡིན་པ་རེད།

    འདྲེན་ཐང་གྲོང་རྡལ་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་དུམ་བུ་བར་མའི་ལྷོ་ངོས་སུ་གནས་པ་དང་ཆ་སྙོམས་ས་བབ་སྨི་2000ཙམ་ཡོད། དེ་ནི་རང་རྒྱལ་གྱི་ཤར་པ་བའི་འདུས་སྡོད་ཁུལ་ཆེ་ཤོས་དེ་རེད། དེ་གར་དེ་སྔོན་འགྲིམ་འགྲུལ་སྟབས་བདེ་པོ་མེད་པའི་རྐྱེན་གྱིས“སྐམ་ལམ་གྱི་ཁེར་ཆགས་གླིང་ཕྲན”ཞེས་འབོད་ཀྱི་ཡོད་མོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་། བྱ་གཞག་ཁག་ལ་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་དང་བསྟུན་ནས་བོད་རིགས་མིན་པའི་ལས་བྱེད་པ་འབོར་ཆེན་ཞིག་གིས་གནས་དེར་གཞི་ཚུགས་ཏེ་གྲོང་གསེབ་དར་རྒྱས་དང་མཐའ་མཚམས་འཛུགས་སྐྲུན་ནང་ཞུགས་ཡོད། འོན་ཀྱང་རྣམ་ཀུན་གྲོང་ཚོ་དང་དུད་ཚང་དུ་སྐྱོད་པ་དང་མང་ཚོགས་ལ་ཞབས་འདེགས་ཞུ་རིང་གོ་བརྡ་སྤྲོད་ཐུབ་པ་བྱེད་པ་དེ་ཁ་ཚ་དགོས་གཏུགས་ཞིག་ཏུ་གྱུར་ཡོད། དེར་བརྟེན་འདྲེན་ཐང་གྲོང་རྡལ་གྱིས་དོན་དངོས་ལ་གཞི་ཚུགས་ཏེ་བོད་རིགས་མིན་པའི་ལས་བྱེད་པས་བོད་སྐད་སྦྱོང་བའི་བྱེད་སྒོ་གསར་གཏོད་ཀྱིས་སྤེལ་བ་རེད།

    བྱེད་སྒོ་སྤེལ་རིང་ས་གནས་དེ་རང་ནས་ཡིན་པའི་ལས་བྱེད་པས་སྐད་གཉིས་ཤེས་པའི་ལེགས་ཆ་འདོན་སྤེལ་གང་ལེགས་ཀྱིས་གྲོང་རྡལ་ནང་གི་བོད་རིགས་ལས་བྱེད་པ་དང་ཤར་པའི་ལས་བྱེད་པས་རེས་མོས་ངང་དགེ་རྒན་བྱས་པས“བོད་རྒྱ་རོགས་རེས་དང་འཆད་སློབ་གཉིས་འཕེལ”གྱི་གསོན་ཉམས་དོད་པའི་རྣམ་པ་ཞིག་ཆགས་པ་རེད།

    བོད་སྐད་སྦྱངས་པའི་ཕན་འབྲས་རྒྱུན་གཏན་གྱི་ལས་ཀའི་ཁྲོད་ནས་རིམ་གྱིས་མངོན་བཞིན་ཡོད། འདྲེན་ཐང་གྲོང་རྡལ་མི་དམངས་དྲག་ཆས་པུའི་པུའུ་ཀྲང་དང་ཀྲེན་ཀྲང་གཞོན་པ་ཧུའུ་ཁྲའོ་ལ་དེའི་ཐད་མྱོང་ཚོར་ཟབ་མོ་བྱུང་ཡོད་ཅིང་། ཁོང་གིས“དེ་སྔ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་མང་ཚོགས་དང་སྤེལ་རེས་བྱེད་སྐབས་ལས་རོགས་ལ་སྐད་སྒྱུར་བྱེད་རོགས་ཞེས་བཤད་དགོས་ལ། རྟག་ཏུ་སེམས་ལ་མང་ཚོགས་དང་འབྲེལ་འདྲིས་དམ་པོ་ཐུབ་མེད་པའི་སྣང་བ་ཡོང་གི་འདུག”ཅེས་བཤད། ཡིན་ནའང་ད་ཆ་ཁོང་གཅིག་པུས་བོད་སྐད་ཀྱི་ལམ་ནས་གོ་བརྡ་སྟབས་བདེ་སྤྲོད་ཐུབ་ཀྱི་ཡོད། “ད་ཆ་གྲོང་ཚོའི་ནང་སྐྱོད་སྐབས་ཡུལ་མི་ཚོས་ང་དང་སྐད་ཆ་མང་ཙམ་ཤོད་འདོད་བྱེད་ཀྱི་འདུག་པས། སྙིང་ཉེ་བའི་སྣང་བ་འདི་འདྲ་སྐད་སྒྱུར་བྱེད་སྐབས་ཡོང་ཐབས་བྲལ་བ་ཞིག་རེད”ཅེས་ཧུའུ་ཁྲའོ་ཡིས་བཤད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།