དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དངོས་འཛིན་དངོས་སྒྲུབ་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ཧུར་ཐག་རྩོམ་དགོས།

    རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པའི་དགོངས་དོན་ལ་རང་ལྗོངས་སུ་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    ཟླ་8ཚེས་3ཉིན། རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པ་ལྷ་སར་རྒྱལ་ཁའི་ངང་འཚོགས་ཤིང་། ཚང་འཛོམས་གྲོས་ཚོགས་ཐོག ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་དོན་འཁྱོལ་གཏིང་ཟབ་དང་། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཚད་གཞིར་འཛིན་པ། གྲུབ་འབྲས་ཕྱོགས་སྡོམ་དང་། དུས་བབ་ལ་དབྱེ་ཞིབ། ལས་འགན་བཀོད་སྒྲིག་བཅས་བྱས་ཡོད། ཉིན་ཤས་བསྟུད་མར། ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་ཤིང་། ཚང་མས་བསམ་བློ་དང་བྱ་སྤྱོད་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་དང་། “དོན་ཆེན་བཞིར”དམིགས་པ། “འཛུགས་གཏོད་བཞིར”ཤུགས་རྒྱག་པ། ལས་གནས་ལ་གཞི་ཚུགས་པ་དང་། དམ་པ་དོན་གཉེར། དངོས་འཛིན་དངོས་སྒྲུབ་བཅས་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བོད་ཀྱི་ལེའུ་གསར་ཧུར་ཐག་རྩོམ་གྱི་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད་པ་རེད།

    ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་བྱས་རྗེས། རང་སྐྱོང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་དང་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའི་ཧྲུའུ་ཅི་མོའུ་ཡུང་ཝུན་ལ་མྱོང་ཚོར་ཟབ་མོ་བྱུང་ཞིང་། ཁོང་གིས“རང་སྐྱོང་ལྗོངས་ཏང་ཨུད་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་པས‘དོན་ཆེན་བཞི’དོན་འཁྱོལ་ལ་དམིགས་ནས་ས་མཐོའི་དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་ལོ་ཧྲིལ་པོའི་དམིགས་ཚད་དང་ལས་འགན་ཕུན་སུམ་ཚོགས་པོས་ལེགས་སྒྲུབ་ཀྱི་གཙོ་གནད་ལས་དོན་བརྒྱུད་རིམ་ལྡན་པའི་ངང་བཀོད་སྒྲིག་བྱས་པས། ལྗོངས་ཡོངས་ཀྱི་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་འཁྲི་གཙང་སྒྲུབ་ཀྱིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་བྱས་ཡོད”ཅེས་བརྗོད་པ་རེད།

    འདས་ཟིན་པའི་ལོ་གཅིག་ནང་། ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱི་གཉེར་སྐྱོང་བྱེད་པོ་དུད་ཚང་ཁྲི་59.81ཟིན་ནས་ལྗོངས་ཡོངས་ལ་ལས་ཞུགས་དང་ཁྲལ་འབབ་80%ཡན་ལེགས་སྐྱེས་ཕུལ་ཏེ་དཔལ་འབྱོར་བརྟན་པོ་དང་། ལས་ཞུགས་ལ་འགན་ལེན། མཐའ་མཚམས་སྲ་བརྟན་བཅས་ཀྱི་འདེགས་སྐྱོར་གཙོ་བོར་གྱུར་ཡོད། མུའུ་ཡུང་ཝུན་གྱིས། གོམ་སྟབས་རྗེས་མར། རང་སྐྱོང་ལྗོངས་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་སྲིད་གཞུང་དང་ཁེ་ལས་དབར་གྱི་འབྲེལ་གཏུག་དང་རེ་ཞུ་ཐག་གཅོད་ཀྱི་རྒྱུན་རྣམ་ཅན་གྱི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། ཚོང་གཉེར་ཁོར་ཡུག་ལེགས་སུ་རྒྱུན་མཐུད་གཏོང་བ། དམངས་གཉེར་ཁེ་ལས་ཀྱིས་ཁྱད་ལྡན་ཐོན་ལས་དང་། རིག་གནས་དང་ཡུལ་སྐོར་མཉམ་འདྲེས། མཐའ་མཚམས་ཚོང་དོན་ཟོག་འགྲུལ་སོགས་གཙོ་གནད་ཁྱབ་ཁོངས་ལ་ཧུར་ཐག་ཞུགས་རྒྱུར་ཁྲིད་སྟོན་བྱེད་པ། གཉེར་སྐྱོང་བྱེད་པོའི་ནང་སྐྱེས་སྒུལ་ཤུགས་ཧུར་ཐག་འཕེལ་བ་བཅས་བྱས་ཏེ། ས་མཐོའི་དཔལ་འབྱོར་སྤུས་འབྲས་ལེགས་གཉེར་ཡོང་བར་སྐུལ་འདེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་གསར་འཛུགས་སྐྲུན་བྱེད་པར་བཟོ་ཚོང་ལས་རིགས་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་འབུལ་གྱི་ཡིན་ཞེས་བརྗོད་པ་རེད།

    ཉེ་བའི་ལོ་ཤས་རིང་། གཞིས་རྩེ་གྲོང་ཁྱེར་གྱི་ཞིང་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕན་འབྲས་བཟང་པོ་ཐོན་ནས་ལོ་ཏོག་འདེབས་ཁྱོན་མུའུ་ཁྲི་139.67ཟིན་པ་དང་། ལོ་རེའི་འབྲུ་རིགས་ཐོན་འབབ་ཏུན་ཁྲི་45ཟིན་པ། ནས་ཀྱི་ཐོན་འབབ་ཏུན་ཁྲི་42ལས་བརྒལ་བ། ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་126.5སྦོལ་བ། སོན་བཟང་ཁྱབ་ཚད་95%ལས་བརྒལ་བ། ལོ་ཏོག་ཕྱོགས་བསྡུས་འཕྲུལ་ཆས་ཅན་ལ་བརྟེན་ནས་འདེབས་ཚད་78.01%ཟིན་པ་བཅས་རེད།

    གཞིས་རྩེ་གྲོང་ཁྱེར་ཞིང་ལས་གྲོང་གསེབ་ཅུས་ཆ་འཕྲིན་ལྟེ་གནས་ཀྱི་ཀྲུའུ་རེན་བསོད་ནམས་ཀྱིས། “ང་ཚོས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་ས་གནས་དེ་གའི་ཞིང་ལས་འཕེལ་རྒྱས་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། ནས་ཀྱི་ཐོན་ལས་ལྟེ་བར་འཛིན་པ། ཁྱད་ལྡན་ཞིང་འབྲོག་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འབྲུ་རིགས་ཀྱི་རྨང་གཞི་བརྟན་གཏོང་གི་ལས་དོན་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ས་མཐོའི་འབྲུ་རིགས་བདེ་འཇགས་ཀྱི་རྨང་གཞི་ནུས་ཤུགས་ཡོད་རྒུས་བརྟན་དུ་གཏོང་བ་བཅས་བྱས་ནས་གྲོང་གསེབ་དར་རྒྱས་དང་ཞིང་འབྲོག་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རམ་འདེགས་བྱེད་ཀྱི་ཡིན”ཞེས་བརྗོད་པ་རེད།

    སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ཡག་པོ་བྱེད་པ་ནི་བོད་ཀྱི་རིན་ཐང་ཆེ་ཤོས་དང་། འགན་འཁྲི་ལྕི་ཤོས། གཏིང་ཤུགས་ཆེ་ཤོས་བཅས་རེད། “ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་བཅད་རྒྱུན་ཆད་མེད་པར་བརྟན་དུ་གཏོང་དགོས། ཚང་འཛོམས་གྲོས་ཚོགས་ཀྱི་བླང་བྱ་དོན་འཁྱོལ་ཡག་པོ་བྱེད་པ་ནི་གཞི་རིམ་གྱི་ཤང་དང་གྲོང་རྡལ་གྱི་དོར་ཐབས་མེད་པའི་འགན་འཁྲི་རེད”ཅེས་ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་དམར་ཆུ་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་མའོ་ཕེང་ཧུའེ་ཡིས་བརྗོད་པ་རེད།

    དམར་ཆུ་ཤང་ནི་འབྲི་ཆུའི་ཆུ་འགོའི་སྐུ་ལྷ་དར་གདོང་སྤྱང་ཀན་དེའུ་རུག་འཁྱགས་རོམ་གྱི་དབུས་སུ་གནས་པ་དང་། གཙང་གསུམ་ཆུ་འགོ་རྒྱལ་ཁབ་སྤྱི་གླིང་གི་ལྟེ་བའི་ཁོངས་སུ་གཏོགས་པས་སྐྱེ་ཁམས་ཀྱི་གནས་བབ་དམིགས་བསལ་དང་གལ་འགངས་ཤིན་ཏུ་ཆེན་པོ་ཡོད། མའོ་ཕེང་ཧུའེ་ཡིས། ཉེ་བའི་ལོ་ཤས་རིང་། དམར་ཆུ་ཤང་གིས་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་སྲུང་སྐྱོང་ལས་དོན་ཐད་ཐབས་མང་མཉམ་སྤྱོད་ཀྱིས་སྐྱེ་ཁམས་ཀྱི་བདེ་འཇགས་སྲུང་བཅད་བརྟན་དུ་བཏང་ཡོད། 2016ལོར་བཙུགས་པའི་འབྲི་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་བླངས་ཞབས་ཞུའི་རུ་ཁག་ལ་མི་20ལྷག་ཙམ་ཡོད་པ་ནས་ད་ཆ་མི་900ལྷག་ཙམ་བར་མང་དུ་ཕྱིན་ནས“སྔོ་ལྗང་དང་ཆུ་བོ་སྲུང་སྐྱོང”བྱེད་པ་དེ་མང་ཚོགས་ཀྱི་ཐུན་མོང་གི་ངོས་འཛིན་དུ་གྱུར་ཡོད་ཅེས་ངོ་སྤྲོད་བྱས།

    “ངས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་ནན་ཏན་བྱས་པ་ཡིན། དུས་རབས་གསར་པའི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱེད་པ་དང་མཐའ་མཚམས་ས་ཁུལ་གྱི་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་ཞེས་བཏོན་པ་དེས། མཐའ་མཚམས་ཀྱི་འཐབ་ས་དང་པོར་གཞི་ཚུགས་པའི་ང་ཚོ་གཞི་རིམ་ལས་བྱེད་པར་འབད་འཐབ་ཀྱི་ལམ་བུ་གསལ་པོ་བསྟན་ཡོད”ཅེས་མངའ་རིས་ས་ཁུལ་རུ་ཐོག་རྫོང་ར་བང་ཤང་ལུ་མ་མཁར་གྲོང་ཚོའི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་དང་གྲོང་ཚོ་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་སྐལ་ལྡན་གྱིས་བརྗོད་པ་རེད།

    ཉེ་བའི་ལོ་ཤས་རིང་། ལུ་མ་མཁར་གྲོང་ཚོས་ཏང་འཛུགས་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་མཐའ་གཅིག་ཏུ་བཏང་ནས་མང་ཚོགས་ཀྱི་སྣེ་ཁྲིད་དེ་ཕྱུག་འགྱུར་གྱི་ལམ་བུ་གསར་པ་ཞིག་བཏོད་ཡོད། 2025ལོར། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་གྱི་ཡོང་འབབ་སྒོར་ཁྲི་1058ལས་བརྒལ་བ་དང་། མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་29253ལས་བརྒལ་བ། མཉམ་ལས་ཁང་ལ་ཁེ་སྤོགས་སྒོར་ཁྲི་176.46བྱུང་ཡོད། བློ་བཟང་སྐལ་ལྡན་གྱིས། གོམ་སྟབས་རྗེས་མར། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་དོན་འཁྱོལ་ཡག་པོ་བྱས་ནས་ཏང་རྩ་འཛུགས་སྣེ་འདྲེན་དུ་བྱས་ཏེ་དུས་རབས་གསར་པའི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ལག་བསྟར་ཡག་པོ་བྱེད་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་རྒྱུན་མཐུད་གཏོང་བ། མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་གཏོང་བ། གྲོང་ཚོའི་རྨང་གཞིའི་སྒྲིག་བཀོད་ལེ་ལག་ཚང་དུ་གཏོང་བ། སེམས་ནུས་ཡོད་རྒུས་དམངས་འཚོའི་བྱ་བ་དངོས་ཡག་པོ་སྒྲུབ་པ་བཅས་བྱས་ཏེ་མཐའ་མཚམས་ཀྱི་ཐོན་ལས་དར་རྒྱས་དང་མཐའ་མཚམས་མང་ཚོགས་ཕྱུག་པོ་ཆགས་པ་བྱེད་ཀྱི་ཡིན་ཞེས་བརྗོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།