དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • “གསར་འགོད་པའི་ཁྱིམ་གཞིས”ཞེས་པའི་སློབ་ཁང་ཆེ་མོའི་ཀུན་འདུས་སྨྱན་སྦྱོར་གྱི་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-07

    ཟླ་7ཚེས་24ཉིན་ནས་30ཉིན་བར། ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་དང་བོད་རང་སྐྱོང་ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའུ་ཡིས་མཉམ་དུ་གཉེར་བའི་2026ལོའི“གསར་འགོད་པའི་ཁྱིམ་གཞིས”ཞེས་པའི་སློབ་ཁང་ཆེ་མོའི་ཀུན་འདུས་སྨྱན་སྦྱོར་གྱི་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭ་བོད་ལྗོངས་ལྷ་སར་གཉེར་ནས། རྒྱལ་ཡོངས་གསར་འགྱུར་ལས་རིགས་ཀྱི་ཀུན་འདུས་སྨྱན་སྦྱོར་གྱི་རྐང་འཛིན་གསར་འགྱུར་གསར་འགོད་པ་180གསོ་སྦྱོང་ནང་ཞུགས་ཡོད་པ་རེད།

    ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭའི་ནང་མཉམ་སྡེབ་སློབ་སྦྱོང་དང་། ས་གནས་ས་ཐོག་ཏུ་བཅར་འདྲི། དགེ་རྒན་གྱི་མཛུབ་ཁྲིད་བཅས་ཟུང་དུ་འབྲེལ་བའི་དངོས་འཐབ་བྱེད་སྟངས་སྤྱད་ཅིང་། ཇི་ལྟར་བྱས་ནས་བརྗོད་དོན་གཙོ་བོའི་དྲིལ་བསྒྲགས་གལ་ཆེན་ཡག་པོ་བྱེད་པ་དང་། གཙོ་རྒྱུན་སྨྱན་སྦྱོར་གྱི་ལེགས་ཆ་གཏོད་པ། གཙོ་རྒྱུན་སྨྱན་སྦྱོར་གྱི་མ་ལག་རང་བཞིན་གྱི་འཕོ་འགྱུར་འཚོལ་ཞིབ་གཏིང་ཟབ་བྱེད་པ་སོགས་ལ་དམིགས་ནས། ལོ་གོང་མའི་ཀྲུང་གོའི་གསར་འགྱུར་བྱ་དགའ་དང་འབྲི་ཆུ་ཐའོ་ཧྥེན་བྱ་དགའ་ཐོབ་མཁན་དང་། རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པ་རྩེ་གྲ་བཅུ། གསར་འགྱུར་ལས་རིགས་ཀྱི་ལས་སྒོའི་རྐང་འཛིན་པ་བཅས་སློབ་ཚན་ཁྲིད་པར་གདན་དྲངས་པ་མ་ཟད། ལས་རིགས་ནང་གི་དགེ་རྒན་གྱིས་སློབ་མ་སྒྲིག་འཛུགས་བྱས་ནས་ཉིང་ཁྲིར་བཅར་འདྲིའི་ལག་ལེན་བྱེད་སྒོ་སྤེལ་ཏེ། སློབ་མར་ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་། རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ། ལས་སྒོའི་འཇོན་ཐང་ཆེ་རུ་གཏོང་བ། མཉམ་འདྲེས་ནུས་པ་ཆེ་རུ་གཏོང་བ་བཅས་ལ་ཁྲིད་སྟོན་ཡང་བྱས་པ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། “གསར་འགོད་པའི་ཁྱིམ་གཞིས”ཞེས་པའི་སློབ་ཁང་ཆེ་མོའི་ཀུན་འདུས་སྨྱན་སྦྱོར་གྱི་གསར་འགོད་པའི་གསོ་སྦྱོང་འཛིན་གྲྭ་ནི་ཀྲུང་གོའི་གསར་འགོད་པའི་མཐུན་ཚོགས་ཀྱིས་དུས་རབས་གསར་པའི་ཀུན་འདུས་སྨྱན་སྦྱོར་གྱི་ཤེས་ལྡན་པའི་དཔུང་ཁག་སྟོབས་ཆེན་འཛུགས་རྒྱུར་དམིགས་པའི་རྣམ་གྲངས་སྤུས་རྟགས་ཤིག་རེད། ད་ཐེངས་ཀྱི་གསོ་སྦྱོང་འཛིན་གྲྭ་བོད་དུ་གཉེར་ཞིང་། འདི་ནི་ཀྲུང་གོ་གསར་འགོད་པའི་མཐུན་ཚོགས་ཀྱིས“གསར་འགྱུར་བོད་སྐྱོར”ལས་དོན་མུ་མཐུད་གཏིང་ཟབ་ཏུ་གཏོང་བ་དང་བོད་ཀྱི་འཕེལ་རྒྱས་གཏམ་རྒྱུད་ཡག་པོ་བཤད་དེ། རྒྱལ་ཡོངས་ཀྱི་གསར་འགྱུར་ལས་དོན་པས་ས་མཐོའི་འཐབ་ས་དང་པོར་སྐྱོད་རྒྱུར་སྐུལ་འདེད་བཏང་ནས་སྤེལ་རེས་མཉམ་སྐྲུན་དང་། ཕན་ཚུན་སློབ་སྦྱོང་དང་རོགས་རེས། མཉམ་དུ་མཐོར་གཏོང་བཅས་བྱེད་པའི་དམ་འཛིན་བྱ་གཞི་ནུས་ལྡན་ཞིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ཚེ་བརྟན་རྡོ་རྗེ།

འབྲེལ་ཡོད་གསར་འགྱུར།