“ཁེར་གྷི་སི་ཐན་དང་ཀྲུང་གོའི་མཉམ་ལས་ཀྱི་གཏམ་རྒྱུད་སྙན་མོ་དེ་བས་མང་བ་ཤེས་རྟོགས་བྱེད”
འདི་ག་ཚགས་པར་གྱི་གསར་འགོད་པ། ཆུས་ཕེ། ལི་ཆང་།

འདི་ནི་ཀྲུང་ཁེར་རྒྱལ་ཁབ་གཉིས་པོའི་ལག་རྩལ་མི་སྣས་མཱ་ནཱ་སི་རྒྱལ་སྤྱིའི་གནམ་ཐང་གི་ལམ་སྟོན་གློག་བཞུའི་སྒྲིག་བཀོད་ལ་སྐོར་ཞིབ་བྱེད་བཞིན་པ།

འདི་ནི་ཨར་སྐྲུན་པས་པི་སི་ཁེག་བྱང་རྒྱུད་གྲོང་སྐོར་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལས་ཡུལ་དུ་ལས་ཀ་བྱེད་བཞིན་པ།
ཉེ་ཆར། ཀྲུང་གོ་དང་ཁེར་གྷི་སི་ཐན་སྨྱན་སྦྱོར་གྱི་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་མཉམ་འབྲེལ་བཅར་འདྲི་ཚོགས་པ་ཀྲུང་གོའི་ལམ་ཟམ་ཀུང་སིས་སྐྲུན་འགན་ཁུར་བའི་པི་སི་ཁེག་བྱང་རྒྱུད་གྲོང་སྐོར་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་དང་མཱ་ནཱ་སི་རྒྱལ་སྤྱིའི་གནམ་ཐང་སྒྱུར་བཀོད་རྣམ་གྲངས་ལས་ཡུལ་དུ་བསྐྱོད་དེ་ཀྲུང་ཁེར་ཕྱོགས་གཉིས་པོའི་ཕན་ཚུན་སྦྲེལ་མཐུད་མཉམ་ལས་ཀྱི་གྲུབ་འབྲས་གསར་པར་ཤེས་རྟོགས་གཏིང་ཟབ་བྱས་པ་རེད།
ཉིན་གུང་མཚམས་སུ། ཁང་ཕྱིའི་དྲོད་ཚད་ཧྲེ་ཧྲི་ཏུའུ་40ཙམ་ཟིན་ཡོད་ཀྱང་བྱང་རྒྱུད་གྲོང་སྐོར་གཞུང་ལམ་འཛུགས་སྐྲུན་བྱེད་འགོར་དུ་བཏང་མེད། འགྲོ་ལམ་ཨར་སྐྲུན་བྱེད་པའི་གཞོགས་གཅིག་ཏུ་བརྡལ་འགྲེམས་འཕྲུལ་འཁོར་དང་ལམ་བཅག་འཕྲུལ་འཁོར་གྱིས་གོ་རིམ་ལྡན་པའི་ངང་ལས་ཀ་བྱེད་པ་དང་། གཅིག་ཤོས་སུ་འགྲོ་ས་བཞག་ཡོད་པར་རླངས་འཁོར་མང་པོ་འགྲོ་འོང་བྱེད་བཞིན་ཡོད།
བྱང་རྒྱུད་གྲོང་སྐོར་གཞུང་ལམ་ནི་པི་སི་ཁེག་གྲོང་སྐོར་གཞུང་ལམ་དང་ཁེར་གྷི་སི་ཐན་རྒྱལ་སྤྱིའི་འགྲིམ་འགྲུལ་མ་ལམ་དྲ་བའི་གྲུབ་ཆ་གལ་ཆེན་ཞིག་རེད། ཉེ་བའི་ལོ་ཤས་རིང་། ལམ་དུམ་དེར་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་མཁན་མང་བ་དང་། ལྷག་པར་དུ། རྒྱལ་སྒྲོལ་ཟོག་འགྲུལ་རླངས་འཁོར་མངོན་གསལ་དོད་པོས་མང་དུ་ཕྱིན་ཡོད། སྔར་ཡོད་ཀྱི་འགྲོ་ལམ་ལ་འཁོར་ལམ་གཉིས་ལས་མེད་པའི་ཁར་ལམ་ཡག་པོ་མེད་པས་རྟག་ཏུ་རླངས་འཁོར་མང་པོ་འགགས་ཀྱི་ཡོད། སྐྲུན་བཞིན་པའི་བྱང་རྒྱུད་གྲོང་སྐོར་གཞུང་ལམ་ནི་ཕྱོགས་གཉིས་སུ་འཁོར་ལམ་དྲུག་ཡོད་པ་དང་མྱུར་ཚད་ཡང་ཆུ་ཚོད་རེར་སྟོང་སྨི་110སྐྱོད་ཆོག་པ་མ་ཟད། རིམ་པ་དང་པོའི་གཞུང་ལམ་གྱི་ཚད་གཞི་ལྟར་བསྐྲུན་ཡོད། “ཕྱོགས་བསྡུས་འགྲིམ་འགྲུལ་ལམ་དྲ་གཏོད་ཆེད། ང་ཚོས་དེ་དང་དུས་མཚུངས་ཟམ་ལམ་11གསར་དུ་བསྐྲུན་ཡོད། ཁེར་གྷི་སི་ཐན་འདི་ཉིད་མགྱོགས་མྱུར་འཕེལ་རྒྱས་ཀྱི་དུས་མཚམས་སུ་སླེབས་ཡོད་པས། ང་ཚོའི་རྣམ་གྲངས་ཀྱིས་མིག་སྔའི་ཕྱིར་སྐྱོད་ཀྱི་དཀའ་གནད་ཐག་གཅོད་བྱེད་དགོས་པ་མ་ཟད། འགྲིམ་འགྲུལ་དང་ཟོག་འགྲུལ་སོགས་ཕུགས་ཀྱི་འཕེལ་རྒྱས་དགོས་མཁོ་དེ་བས་སྐོང་དགོས”ཞེས་རྣམ་གྲངས་ཀྱི་ཅིང་ལི་ཝང་ཕེང་ཧྥེས་དེ་ལྟར་ངོ་སྤྲོད་བྱས།
འབྲེལ་ཡོད་གསར་འགྱུར།