ཀྲུང་ཡོའི་དུས་གཏན་མེ་འཁོར་ལས་ཧྲའན་ཤིས་ཀྱི་ཕྱི་ཕྱོཌ་ཚོང་དོན་ལ་སྒུལ་ནུས་གསར་པ་འཕེལ་བ།

འདི་ནི་ཤིས་ཨན་རྒྱལ་སྤྱིའི་གྲུ་ཁའི་འབབ་ཚུགས་སུ་ཟོག་འདྲེན་རླངས་འཁོར་གྱིས་ཀྲུང་ཡོའི་དུས་གཏན་མེ་འཁོར་ནང་དོས་སྒམ་དབོར་བཞིན་པ།
ལྕགས་ལམ་སྡེ་ཚན་གྱི་གྲངས་གཞི་ལས་མངོན་པར། མིག་སྔར། ཀྲུང་ཡོའི་དུས་གཏན་མེ་འཁོར(ཤིས་ཨན)དུམ་བུར་རྒྱལ་སྤྱིའི་སྐྱེལ་འདྲེན་མ་ལམ་18ཤར་གཏོང་ཐུབ་པ་དང་དུས་མཚུངས། ལྕགས་ལམ་དང་མཚོ་ཐོག་མཉམ་འདྲེན་དུས་གཏན་མེ་འཁོར་ལམ་ཐིག་6ལ་བརྟེན་ནས་ཆིང་ཏའོ་དང་ཉིང་པོ་སོགས་ཀྱི་གྲུ་ཁ་དང་སྦྲེལ་མཐུད་ཐུབ་སྟེ། སྐམ་མཚོ་མཉམ་འདྲེན་འབྲེལ་མཐུད་བྱུང་ནས། སྐམ་སའི་དབུས་ཁུལ་དུ་གནས་པའི་ཧྲའན་ཤིས་དེ་ཉིད་ཕྱི་ཕྱོགས་སྒོ་དབྱེའི་འཐབ་ས་མདུན་མར་གྱུར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།