དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • རང་རྒྱལ་གྱི་ཉིང་གློག་གི་གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་1.35ཟིན་པ།

    སྤྱིའི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-06

    གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། མིག་སྔའི་བར། རང་རྒྱལ་གྱི་སྐམ་ས་ཆེ་མོའི་ས་ཁུལ་དུ་གཉེར་སྐྱོང་བྱེད་བཞིན་པ་དང་ཞིབ་དཔྱད་ཆོག་འཐུས་ཐོབ་ནས་སྐྲུན་བཞིན་པའི་ཉིང་གློག་འཕྲུལ་ཚན་ཁྱོན་120ཡོད་པ་དང་། གློག་འདོན་ཤུགས་ཆན་ཝ་དུང་ཕྱུར་1.35ཟིན་ནས། སྤྱིའི་གཞི་ཁྱོན་འཛམ་གླིང་གི་ཨང་དང་པོ་རྒྱུན་འཁྱོངས་ཐུབ་ཡོད། དེའི་ནང་གཉེར་སྐྱོང་བྱེད་བཞིན་པའི་འཕྲུལ་ཚན་62ཀྱི་གློག་འདོན་ཤུགས་ཆན་ཝ་ཁྲི་6614ཟིན་ནས་འཛམ་གླིང་གི་ཨང་གཉིས་པར་སླེབས་པ་དེས་རྒྱལ་ཡོངས་གློག་ཤུགས་སྤྱིའི་གློག་འདོན་ཤུགས་ཀྱི་1.6%ཟིན་པ་དང་། ཞིབ་དཔྱད་ཆོག་འཐུས་ཐོབ་ནས་སྐྲུན་བཞིན་པའི་འཕྲུལ་ཚན་58ཀྱི་གློག་འདོན་ཤུགས་ཆན་ཝ་ཁྲི་6951ཟིན་ནས་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད། ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱི་ཉིང་གློག་གི་གློག་གཏོང་ཚད་ཀྱིས་རྒྱལ་ཡོངས་ཀྱི་ནུས་རྒྱུའི་གྲུབ་ཆའི་ཁྲོད་བཟུང་བའི་བསྡུར་ཚད་5%ཡས་མས་ཟིན་ཡོད། 2025ལོར་རྒྱལ་ཡོངས་སུ་ཉིང་གློག་གི་གློག་གཏོང་ཚད་ཆུ་ཚོད་ཆན་ཝ་དུང་ཕྱུར་4852ཟིན་པ་དེས་སྤྱིའི་གློག་གཏོང་ཚད་ཀྱི་4.6%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།