དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《གློག་ཤུགས་མ་ལག་གསར་པ་སྐྲུན་ པའི“ལོ་ལྔ་ཚན་བཅོ་ལྔ་པའི” འཆར་འགོད》བཀྲམ་པ།

    2030ལོར་སླེབས་སྐབས་རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་གློག་གཏོང་བསྡུར་གྲངས་བཟུང་ཚད་བཅུ་ཆ་ལྔ་ཟིན་རྒྱུ་ཡིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-06

    ཉེ་ཆར། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་ནུས་རྒྱུ་ཅུས་ཀྱིས《གློག་ཤུགས་མ་ལག་གསར་པ་སྐྲུན་པའི“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད》 བཀྲམ་སྟེ། 2030ལོར་སླེབས་སྐབས། ལྗང་མདོག་ཐཱན་ཉུང་གི་གློག་ཤུགས་མཁོ་སྤྲོད་རྣམ་པ་གཞི་རྩའི་ཆ་ནས་གྲུབ་པར་བྱས་ནས། རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་གློག་གཏོང་བསྡུར་གྲངས་བཟུང་ཚད་50%ཟིན་པ་བྱེད་དགོས་ཞེས་ཁ་གསལ་བསྟན་ཡོད་པ་རེད།

    འཆར་འགོད་ནང་ཁ་གསལ་བསྟན་དོན། 2030ལོར་སླེབས་སྐབས། གློག་ཤུགས་མ་ལག་གསར་པ་སྤྱིའི་ཆ་ནས་བསྐྲུན་ཟིན་པ་བྱས་ཏེ། གློག་ཤུགས་མཁོ་སྤྲོད་ནུས་པ་ཆེ་རུ་རྒྱུན་མཐུད་འགྲོ་བ་དང་། གློག་ཤུགས་མ་ལག་གསབ་རེས་བརྟེན་རེས་དང་བདེ་འཇགས་སྙུགས་ཤེད་ཀྱི་ཆུ་ཚད་མངོན་གསལ་དོད་པོས་མཐོ་རུ་འགྲོ་བ། གློག་ཤུགས་མཁོ་འདོན་འདང་ངེས་ཀྱི་ལུགས་མཐུན་ཆུ་ཚད་རྒྱུན་འཁྱོངས་ཐུབ་པ་བཅས་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་མི་དམངས་མང་ཚོགས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བར་མཁོ་བའི་གློག་གི་དགོས་མཁོ་གང་ལེགས་སྐོང་ཐུབ་པར་བྱེད་དགོས། བདེ་འཇགས་དང་བློས་འགེལ་ཆོག་པ་དང་། ལྗང་མདོག་ཐཱན་ཉུང་། སྙུགས་ཤེད་ཆེན་པོ། རིག་ནུས་སྐབས་བསྟུན་བཅས་ཀྱི་གློག་དྲ་གསར་པ་རགས་ཙམ་བསྐྲུན་ཚར་བ་བྱས་ནས། ཐོན་ཁུངས་བཀོད་སྒྲིག་ལས་སྟེགས་ཀྱི་ནུས་པ་དང་ཞབས་ཞུའི་ནུས་པ་གང་ལེགས་འདོན་པ་དང་། ཆན་ཝ་དུང་ཕྱུར་28ཡན་གྱི་ནུས་རྒྱུ་གསར་པ་ཆུ་ཚད་མཐོན་པོས་སྤྱོད་ཐུབ་པ། གློག་སྒུལ་རླངས་འཁོར་དུང་ཕྱུར་1.1ལྷག་ཙམ་འགྲོ་སྐྱོད་ཐུབ་པའི་གློག་གསོག་རྨང་གཞིའི་སྒྲིག་བཀོད་དྲ་རྒྱ་ཞིག་སྐྲུན་པ་བཅས་བྱེད་དགོས།

    ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་དཔོན་གཞོན་པ་དབྱང་ཁུན་གྱིས། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། རང་རྒྱལ་གྱི་གློག་ཤུགས་དགོས་མཁོ་སྔར་བཞིན་བརྟན་པོ་འཕར་རྒྱུ་རྒྱུན་འཁྱོངས་ཐུབ་ནས། ལོ་རེར་ཆ་སྙོམས་གློག་སྤྱོད་ཚད་སྔོན་རྩིས་ལྟར་ན་ཆུ་ཚོད་ཆན་ཝ་དུང་ཕྱུར་6000འཕར་ངེས་པ་དེ་དཔལ་འབྱོར་སྤྱི་འབོར་འབྲིང་གྲས་རྒྱལ་ཁབ་གཅིག་གི་གློག་སྤྱོད་ཆུ་ཚད་དང་མཚུངས་པས། སྐབས་དེ་དུས་རྫས་འགྱུར་དང་རྡོ་སོལ་མིན་པའི་ནུས་རྒྱུའི་གློག་གཏོང་སྒྲིག་སྦྱོར་འཕྲུལ་འཁོར་གྱི་བྱེད་པོའི་གནས་བབ་སྔར་བས་བརྟན་དུ་ཕྱིན་ནས། མཐའ་སྣེའི་ནུས་སྤྱོད་རྣམ་པའི་ཁྲོད་ཀྱི་གློག་ཤུགས་ཀྱི་བྱེད་པོའི་གནས་བབ་སྔར་བས་མངོན་གསལ་དོད་དུ་འགྲོ་ངེས་རེད་ཅེས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།