སྡེ་ཚན་བཞིས་ལག་བསྟར་ཇུས་གཞི་བཀྲམ་པ།
གཅིག་གྱུར་དང་སྒོ་དབྱེའི་འགྲིམ་འགྲུལ་སྐྱེལ་འདྲེན་ཁྲོམ་ར་གང་མགྱོགས་སྐྲུན་དགོས།
འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་སོགས་སྡེ་ཚན་བཞིས་མཉམ་འབྲེལ་ཐོག《འགྲིམ་འགྲུལ་སྐྱེལ་འདྲེན་གྱིས་རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བའི་ལག་བསྟར་ཇུས་གཞི》བཀྲམ་ཞིང་། དེའི་དམིགས་ཡུལ་ནི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་མི་འདང་བ་དང་། སྐྱེལ་འདྲེན་ཞབས་ཞུ་མཉམ་འདྲེས་མི་འདང་བ། ལམ་ལུགས་དང་སྒྲིག་སྲོལ་གྱི་ཚད་གཞི་མི་འདྲ་བ། ཐོན་ཁུངས་ཀྱི་གཞི་རྒྱུ་གཙོ་བོ་མཉམ་སྤྱོད་མི་འདང་བ་སོགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱས་ཏེ། རྒྱལ་ཡོངས་གཅིག་གྱུར་གྱི་ཁྲོམ་ར་ཆེན་མོ་འཛུགས་སྐྲུན་ལ་སྐུལ་འདེད་གཏིང་ཟབ་གཏོང་བར་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཞབས་ཞུའི་འགན་ལེན་གང་ལེགས་བྱ་ཆེད་རེད།
ཇུས་གཞིའི་ནང་བཏོན་དོན། ཁྲོམ་རའི་ལམ་ལུགས་དང་སྒྲིག་སྲོལ་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་པའི་ནང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲོམ་རའི་འཇུག་འཐུས་ཕྱིར་འཐེན་ལམ་ལུགས་འཐུས་སྒོ་ཚང་དུ་གཏོང་བ་དང་། ལས་རིགས་ཀྱི་རིན་གོང་དམའ་བ་དང་གོ་རིམ་མེད་པའི་འགྲན་རྩོད་ལ་བཅོས་སྒྲིག་ཧུར་ཐག་བྱེད་པ། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་སྲིད་དོན་ཞབས་ཞུའི“ཞིང་སྒྲོལ་ཀུན་སྒྲུབ”ལ་སྐུལ་འདེད། འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཡིད་རྟོན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ཚུད་ཡོད། ཁྲོམ་རའི་རྨང་གཞིའི་སྒྲིག་བཀོད་སྦྲེལ་མཐུད་ལ་སྐུལ་འདེད་གཏོང་དགོས་པའི་ནང་། དེང་རབས་ཅན་གྱི་སྤུས་ཚད་མཐོ་བའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་འགྲིམ་འགྲུལ་དྲ་བ་འཛུགས་སྐྲུན་དང་། སྣ་མང་མཉམ་འདྲེན་འཕེལ་རྒྱས་ཤུགས་ཆེན་གཏོང་བ། འགྲིམ་འགྲུལ་ཟོག་འགྲུལ་དང་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། ས་ཁོངས་སྐྱེལ་འདྲེན་གཞི་གཅིག་ཅན་སྔོན་ལ་ཚད་བརྒལ་ཡོང་བར་རྒྱབ་སྐྱོར་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ཚུད་ཡོད། སྲིད་གཞུང་གི་བྱ་སྤྱོད་ཀྱི་ཚད་གཞི་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་དགོས་པའི་ནང་། ལས་རིགས་ཀྱི་འོས་སྐུལ་འོས་དཔོད་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ལ་བཅོས་སྒྲིག་ཧུར་ཐག་བྱེད་པ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་སུ་སྲིད་འཛིན་དབང་ཆ་གང་བྱུང་དུ་སྤྱད་དེ། འགྲན་རྩོད་མེད་པར་བཟོ་བ་དང་དེར་ཚོད་འཛིན་བྱེད་པའི་བྱེད་སྤྱོད་བཀག་འགོག་གི་ལས་དོན་ལ་སྐུལ་འདེད་གཏོང་བ། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་སྲིད་གཞུང་གི་ཁ་གསབ་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ཚུད་ཡོད།
ཇུས་གཞིའི་ནང་ཁ་གསལ་བཏོན་དོན། ཁྲོམ་ར་ལྟ་འདོམས་ཀྱི་ཁྲིམས་འཛིན་མཐུན་སྦྱོར་ལ་སྐུལ་འདེད་གཏོང་དགོས་པའི་ནང་། འགྲིམ་འགྲུལ་སྐྱེལ་འདྲེན་གྱི་ཁྲིམས་སྒྱུར་ཚད་གཞི་གཅིག་གྱུར་ལ་སྐུལ་འདེད་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ལས་སྟེགས་ཁེ་ལས་ཀྱི་ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་གཙོ་གནད་ལས་འགན་ཚུད་ཡོད། ཁྲོམ་རའི་གཞི་རྒྱུ་གཙོ་བོ་མཉམ་སྤྱོད་ལ་སྐུལ་འདེད་གཏོང་དགོས་པའི་ནང་། ཕྱོགས་བསྡུས་འགྲིམ་འགྲུལ་སྐྱེལ་འདྲེན་གྱི་གྲངས་གཞི་མཉམ་སྤྱོད་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། ཐོན་ཁུངས་ཀྱི་གཞི་རྒྱུ་གཙོ་བོ་ལེགས་བསྡུས་བེད་སྤྱོད་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གཙོ་གནད་ལས་འགན་ཚུད་ཡོད། ཁྲོམ་ར་ཕྱི་ནང་གཉིས་ཀར་སྒོ་མོ་འབྱེད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་འཛད་སྤྱོད་ཁྲོམ་ར་རྒྱ་ཆེར་ཧུར་ཐག་གཏོང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་ཁྱབ་ཁོངས་ཀྱི་གསར་དར་ཁྲོམ་ར་རིམ་པ་ལྟར་སྒོ་མོ་འབྱེད་པ། དམངས་གཉེར་སོགས་སྤྱི་ཚོགས་ཀྱི་མ་རྩ་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ནང་གཏོང་བར་སྐུལ་ལྕག་བྱེད་པ་སོགས་ཀྱི་གཙོ་གནད་ལས་འགན་ཚུད་ཡོད།
འབྲེལ་ཡོད་གསར་འགྱུར།