དབུ་ཤོག>གསར་འགྱུར།
  • རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པར་གསེར་གྱི་རྟགས་མ་ཐོབ་མཁན་དང་པོ་དེ་ཐོན་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-06

    ཚེས་3ཉིན། བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པའི་སྒྲོམ་སྟེགས་སྤོ་ལོའི་རྣམ་གྲངས་འགྲན་བསྡུར་གྱི་ཧྭ་ཚའེ་སྒྲོམ་སྟེགས་སྤོ་ལོའི་མི་སྒེར་གྱི་འགྲན་བསྡུར་མཇུག་འགྲིལ་བ་རེད།

    ཉིན་གསུམ་གྱི་ཛ་དྲག་འགྲན་བསྡུར་བྱས་མཐར། ལྷོ་ཁ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གི་ཕུར་བུ་ཚེ་རིང་ལ་གསེར་གྱི་རྟགས་མ་ཐོབ་ཅིང་། དེ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལུས་རྩལ་འགྲན་ཚོགས་སྐབས་བཅུ་བཞི་པ་དང་མི་རིགས་ཀྱི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་སྐབས་དྲུག་པར་གསེར་གྱི་རྟགས་མ་ཐོབ་མཁན་དང་པོ་དེ་རེད།

    ལྷ་ས་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གི་དབང་ཧྲེ་ཆོན་དང་ཆབ་མདོ་གྲོང་ཁྱེར་གྱི་འཐུས་མི་རུ་ཁག་གི་རིན་ཆེན་བཟང་པོར་དངུལ་གྱི་རྟགས་མ་དང་ཟངས་ཀྱི་རྟགས་མ་སོ་སོར་ཐོབ་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། བདེ་སྐྱིད་བུ་ཁྲིད།

འབྲེལ་ཡོད་གསར་འགྱུར།