སི་ཁྲོན་དུ་2026ལོའི་ལི་ཐང་གི“རྟ་ཡུལ”སྲོལ་རྒྱུན་རྟ་རྒྱུག་རིག་གནས་ཡུལ་སྐོར་དུས་ཚིགས་འགོ་ཚུགས་པ།

འདི་ནི་ས་གནས་དེ་གའི་མང་ཚོགས་ཀྱིས་སྲོལ་རྒྱུན་གྱི་མི་རིགས་གྱོན་ཆས་ངོམ་སྟོན་བྱེད་བཞིན་པ།

འདི་ནི་རྟ་རྩལ་འཁྲབ་སྟོན་བྱེད་བཞིན་པ།
ཉེ་ཆར། 2026ལོའི་ལི་ཐང་གི“རྟ་ཡུལ”སྲོལ་རྒྱུན་རྟ་རྒྱུག་རིག་གནས་ཡུལ་སྐོར་དུས་ཚིགས་སི་ཁྲོན་ཞིང་ཆེན་དཀར་མཛེས་ཀྲོའུ་འབུམ་ཡག་རྩྭ་ཐང་དུ་འགོ་ཚུགས་པ་རེད།
“རྟ་ཡུལ”སྲོལ་རྒྱུན་རྟ་རྒྱུག་རིག་གནས་ཡུལ་སྐོར་དུས་ཚིགས་ནི་ལི་ཐང་རྫོང་གིས་ཉེ་བའི་ལོ་ཤས་རིང་སྲོལ་རྒྱུན་རྟ་རྒྱུག་མངོན་མིན་རིག་གནས་ཤུལ་བཞག་དང་དེང་རབས་རིག་གནས་ཡུལ་སྐོར་ཉམས་ལེན་མཉམ་འདྲེས་བྱས་ནས་བཏོད་པའི་ཁྱད་ལྡན་IPཞིག་རེད། ས་གནས་དེ་གས་ད་ཐེངས་ཀྱི་ཡུལ་སྐོར་དུས་ཚིགས་དེ་ཉིད“རིག་གནས་ལ་བརྟེན་ནས་ཡུལ་སྐོར་སྤུས་རྟགས་གཏོད་པ་དང་། འགྲན་བསྡུར་ལ་བརྟེན་ནས་ལས་རིགས་དར་རྒྱས་གཏོང་བ། དུས་ཆེན་ལ་བརྟེན་ནས་དམངས་སེམས་གཅིག་ཏུ་སྒྲིལ་བ”བཅས་ཀྱི་ལག་ལེན་ཞིག་ལ་བརྩིས་ཏེ། འབྲོག་པའི་རྒྱུན་གཏན་གྱི་ཐོན་སྐྱེད་དང་འཚོ་བའི་རྣམ་པ་དང་སྲོལ་རྒྱུན་གྱི་རྟ་རྒྱུག་གི་དམངས་སྲོལ་ལེ་ཚན་ནང་མཉམ་འདྲེས་བྱས་ནས་མང་ཚོགས་དཀྱུས་མ་གར་སྟེགས་ཀྱི་མི་སྣ་གཙོ་བོར་འགྱུར་བར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།