དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • 2026ལོའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་འགོ་ཚུགས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-08-05

    ཤིན་ཧྭ་གསར་འགྱུར་ཁང་ཝུའུ་ཧན་ནས་ཟླ་8ཚེས་2ཉིན་གློག་འཕྲིན་འབྱོར་གསལ། ཆུ་བེད་པུའི་འབྲི་ཆུའི་ཆུ་བེད་ཨུ་ལྷན་འབྲི་ཆུའི་ཚན་རིག་ཁང་གིས་གནས་ཚུལ་སྤེལ་བ་གཞིར་བཟུང་། ཚེས་2ཉིན། ཚན་རིག་ཁང་དེས་སྣེ་ཁྲིད་སྒྲིག་འཛུགས་བྱས་པའི་2026ལོའི་ཆུ་འགོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་དེ་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་འགོ་ཚུགས་པ་རེད། དུས་ཡུན་གཟའ་འཁོར་གཅིག་གི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་རིང་། ཚན་རིག་རྟོག་ཞིབ་རུ་ཁག་གིས་ཆུ་འགོའི་ས་བབ་མཐོ་སར་སྐྱེ་ཁམས་ཀྱི་གནས་ཚུལ་མཐིལ་རྟོགས་བྱས་ནས་ཆུ་འགོར་ཕྱོགས་ཡོངས་ནས་བརྟག་དཔྱད་བྱ་རྒྱུ་རེད།

    འབྲི་ཆུའི་ཆུ་འགོ་ཁུལ་གྱི་ཆུ་གཞུང་ཨ་མ་རྒྱུག་སའི་གྲུ་བའི་མདའ་ཆུའི་དུམ་བུ་ནི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་བྱེད་སའི་ས་ཚིགས་དང་པོ་དེ་རེད། ཚེས་2ཉིན་གྱི་ཉིན་དགུང་། རིག་ཚན་མང་པོ་ནས་ཡོང་བའི་ཚན་རིག་རྟོག་ཞིབ་རུ་མི་20ལྷག་ཙམ་ཡུལ་ཤུལ་བོད་རིགས་རང་སྐྱོང་ཀྲོའུ་རུ་འབྱོར་བ་དང་། ངལ་གསོ་སྟབས་བདེ་ཞིག་བརྒྱབ་རྗེས་ཐད་ཀར་རྟོག་ཞིབ་བྱ་ཡུལ་དུ་བསྐྱོད་པ་རེད། འབྲི་ཆུ་འབྲུབ་དུས་སུ་སླེབས་སྒང་ཡིན་པས། ཚན་རིག་རྟོག་ཞིབ་རུ་མིས་ས་མཐོར་གསོ་རླུང་དཀོན་པ་དང་ཆུ་ཤུགས་ཆེ་བ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ཏེ། བྱེ་འདམ་དང་། ཆུ་རྒྱུག་སར་བསགས་པའི་དངོས་རྫས། ཆུ་སྐྱེས་སྐྱེ་དངོས་སོགས་ཀྱི་དངོས་དཔེ་འཚོལ་བསྡུ་བྱས་པ་མ་ཟད། དཔྱད་གྲངས་མང་བའི་ཚོད་ལྟའི་ཡོ་ཆས་སྤྱད་ནས་ས་གནས་ས་ཐོག་ཏུ་ཆུའི་སྤུས་ཚད་དང་། དབྱང་ཞུ་ཚད། གློག་འདྲེན་ཚད་སོགས་ཀྱི་གྲངས་གཞི་ཚད་འཇལ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།