ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཨ་རིར་འཚམས་འདྲིར་བསྐྱོད་པ།
ཟླ་7ཚེས་27ནས་31ཉིན་བར། ཨ་ཀྲུང་ཚོང་དོན་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་གདན་ཞུས་ལྟར་ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཁེ་ལས་མཁས་ཅན་གྱི་འཐུས་མི་ཚོགས་པ་སྒྲིག་འཛུགས་བྱས་ནས་ཨ་རིའི་གྲོང་ཁྱེར་ཡན་ཧུའུ་དང་། ཀྲི་ཅ་ཀོ ཝ་ཧྲེང་ཐོན་བཅས་ལ་འཚམས་འདྲིར་བསྐྱོད་དེ། རྒྱལ་ཁབ་གཉིས་པོའི་བཟོ་ཚོང་ལས་རིགས་ཀྱིས་རྒྱལ་ཁབ་གཉིས་པོའི་གཙོ་བདག་པེ་ཅིང་དུ་ཞལ་འཛོམས་གནང་རིང་བྱུང་བའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཧུར་ཐག་བྱེད་པར་སྐུལ་འདེད་བཏང་བ་དང་། དཔལ་འབྱོར་ཚོང་དོན་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་རྒྱ་ཆེར་བཏང་ཡོད། ཀྲུང་གོའི་ཁེ་ལས་22ཚོགས་པ་དང་མཉམ་དུ་འཚམས་འདྲིར་བསྐྱོད་པ་རེད།
འཚམས་འདྲི་བྱེད་རིང་། ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཨ་རིའི་འབྲེལ་ཡོད་སྒྲིག་གཞི་དང་མཉམ་ལས་བྱས་ཏེ་ཀྲུང་གོ་དང་ཨ་རིའི་བཟོ་ཚོང་འབྲེལ་མཐུད་བྱེད་སྒོ་ཐེངས་མང་སྤེལ་བ་དང་། ཨ་རིའི་ཁེ་ལས་སྒྲིག་གཞི་120ལྷག་ཙམ་དང་བཞུགས་མོལ་སྤེལ་རེས་བྱས་པ་རེད། ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱི་ཚོགས་གཙོ་རེན་ཧུང་པིན་གྱིས་ཨ་རིའི་ཕྱི་ཕྱོགས་ཚོང་དོན་ལས་རིགས་ཀྱི་མི་སྣ་མང་པོ་དང་ཐུག་འཕྲད་བྱས་ཏེ། ཨ་རིའི་ལས་རིགས་ཁག་ལ“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་དང་དེ་བཞིན་ཀྲུང་གོའི་དཔལ་འབྱོར་དུས་བབ་དྲིལ་བསྒྲགས་ངོ་སྤྲོད་དང་། ཀྲུང་གོས་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེའི་བྱ་ཐབས་གསར་པ་མཐའ་འཁྱོངས་བྱེད་ལུགས་ངོ་སྤྲོད། ཀྲུང་གོ་རྒྱལ་སྤྱིའི་མཁོ་སྤྲོད་འཁོར་འབྲེལ་གྱི་སྐུལ་སྤེལ་འགྲེམས་ཚོགས་སྐབས་ལྔ་པ་འོས་སྦྱོར་བཅས་བྱས་པ་དང་། ཨ་རིའི་ཁེ་ལས་ཀྱིས“ཀྲུང་གོའི་གོ་སྐབས་2.0”མཉམ་སྤྱོད་བྱེད་པར་དགའ་བསུ་ཞུས་པ་མ་ཟད། ཀྲུང་གོའི་རྒྱལ་སྤྱིའི་ཚོང་དོན་སྐུལ་སྤེལ་ཨུ་ལྷན་གྱིས་ཀྲུང་གོ་དང་ཨ་རིའི་བཟོ་ཚོང་ལས་རིགས་ཀྱིས་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་དངོས་སྒྲུབ་མཉམ་ལས་ལ་ཤུགས་སྣོན་རྒྱག་པར་རྒྱབ་སྐྱོར་དང་སྐུལ་འདེད་བཏང་ནས་ཆུ་ཚད་དེ་བས་མཐོ་བའི་གཉིས་ཁེ་གཉིས་ཕན་ཡོང་བ་བྱེད་ཀྱི་ཡིན་ཞེས་ནན་བཤད་ཀྱང་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།