དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ན་ནིང་རང་རྒྱལ་གྱི“གསར་གསུམ”དཔལ་འབྱོར་འཕར་ཐང་གིས་GDPནང་བཟུང་བའི་བསྡུར་ཚད་18.39%ཟིན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-05

    གསར་འགོད་པར་རྒྱལ་ཁབ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར། 2025ལོར། རང་རྒྱལ་གྱི“གསར་གསུམ”དཔལ་འབྱོར་འཕར་ཐང་སྒོར་དུང་ཕྱུར་257869ཟིན་པ་དེ་ད་ལྟའི་རིན་གོང་ལྟར་བརྩིས་ན་ལོ་གོང་མ་ལས་6.2%འཕར་ནས། དུས་མཚུངས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར(GDP)གྱི་ད་ལྟའི་རིན་གོང་གི་འཕར་ཚད་ལས་བརྒྱ་ཆའི་གྲངས་2.2ཀྱིས་མཐོ་བ་ཡོད་པ་དང་། GDPནང་བཟུང་བའི་བསྡུར་ཚད་18.39%ཟིན་པ་དེ་ལོ་གོང་མ་ལས་བརྒྱ་ཆའི་གྲངས་0.38འཕར་ཡོད་པ་རེད།

    “གསར་གསུམ”དཔལ་འབྱོར་ནི་ཐོན་ལས་གསར་པ་དང་། ལས་རྣམ་གསར་པ། ཚོང་ལས་བྱེད་སྟངས་གསར་པ་བཅས་ལྟེ་བའི་ནང་དོན་དུ་བྱས་པའི་དཔལ་འབྱོར་བྱེད་སྒོའི་ཚོགས་པ་ཞིག་རེད། ཐོན་ལས་ཁག་གསུམ་ལ་ཕྱེ་ནས་བལྟས་ཚེ། 2025ལོའི“གསར་གསུམ” དཔལ་འབྱོར་ཁྲོད། ཐོན་ལས་དང་པོའི་འཕར་ཐང་སྒོར་དུང་ཕྱུར་9865ཟིན་པ་དེ་ལོ་གོང་མ་ལས་4%འཕར་ཞིང་དེའི་ནང་བཟུང་བའི་བསྡུར་ཚད་3.8%ཟིན་པ་དང་། ཐོན་ལས་གཉིས་པའི་འཕར་ཐང་སྒོར་དུང་ཕྱུར་106304ཟིན་པ་དེ་ལོ་གོང་མ་ལས་5.8%འཕར་ཞིང་དེའི་ནང་བཟུང་བའི་བསྡུར་ཚད་41.2%ཟིན་པ། ཐོན་ལས་གསུམ་པའི་འཕར་ཐང་སྒོར་དུང་ཕྱུར་141700ཟིན་པ་དེ་ལོ་གོང་མ་ལས་6.6%འཕར་ཞིང་དེའི་ནང་བཟུང་བའི་བསྡུར་ཚད་55%ཟིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།