དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • 《“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྤྱི་པའི་སྒྲིག་གཞིའི་ནུས་བསྲི་ཐཱན་ཉུང་གི་ལས་ཀའི་ཇུས་གཞི》བཀྲམ་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-05

    སྤྱི་པའི་སྒྲིག་གཞིའི་ལྗང་མདོག་ཐཱན་ཉུང་འཕེལ་རྒྱས་ཀྱི་གོམ་སྟབས་མགྱོགས་སུ་བཏང་ནས། སྤྱི་པའི་སྒྲིག་གཞིའི་ནུས་བསྲི་ཐཱན་ཉུང་གི་ལས་ཀའི་ཆུ་ཚད་མཐོ་རུ་གཏོང་ཆེད། ཉེ་ཆར། རྒྱལ་ཁབ་ལས་ཁུངས་ལས་དོན་དོ་དམ་ཅུས་དང་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་མཉམ་འབྲེལ་ཐོག《“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྤྱི་པའི་སྒྲིག་གཞིའི་ནུས་བསྲི་ཐཱན་ཉུང་གི་ལས་ཀའི་ཇུས་གཞི》བཀྲམ་པ་རེད།

    ཇུས་གཞིའི་ནང་། ཐཱན་ཚད་མཐོ་ཤོས་དང་ཐཱན་ཚད་སྙོམ་སྦྱོར་སྣེ་ཁྲིད་དུ་བྱས་ནས། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བའི་ངེས་གནས་ལ་གཞི་ཚུགས་ཏེ། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་སྤྱི་པའི་སྒྲིག་གཞིའི་ནུས་བསྲི་ཐཱན་ཉུང་གི་ལས་ཀའི་དམིགས་ཚད་སྟོན་ཕྱོགས་དང་། གཙོ་གནད་ལས་འགན། འདེགས་སྐྱོར་འགན་སྲུང་བྱ་ཐབས་སོགས་བཀོད་སྒྲིག་བྱས་ཤིང་། མ་རྩ་དོ་དམ་རྨང་གཞིར་བྱས་པའི་ལས་ཁུངས་ལས་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མ་ལག་འཛུགས་པར་རམ་འདེགས་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སྒྱུར་བྱེད་རིང་། སྤྱི་པའི་སྒྲིག་གཞིའི་དཔེ་སྟོན་སྣེ་ཁྲིད་ནུས་པ་ཧུར་ཐག་བཏོན་ཡོད་པ་རེད།

    ཇུས་གཞིའི་ནང་བཏོན་དོན། 2030ལོར་སླེབས་སྐབས། རྒྱལ་ཡོངས་ཀྱི་སྤྱི་པའི་སྒྲིག་གཞིའི་ནུས་རྒྱུ་བེད་སྤྱོད་ཀྱི་ཕན་འབྲས་རྒྱུན་མཐུད་ཆེ་རུ་དང་། ནུས་རྒྱུའི་འཛད་སྤྱོད་གྲུབ་ཆ་རྒྱུན་མཐུད་ལེགས་སུ་གཏོང་བ། ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་ཀྱི་ཆུ་ཚད་རྒྱུན་མཐུད་མཐོ་རུ་གཏོང་བ། ལས་བྱེད་ལས་བཟོས་ལྗང་མདོག་ཐོན་སྐྱེད་དང་ལྗང་མདོག་གི་འཚོ་བ་སྐྱེལ་སྟངས་དེ་བས་རང་འགུལ་ངང་ལག་བསྟར། དོ་དམ་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ། འདེགས་སྐྱོར་འགན་སྲུང་དེ་བས་ནུས་ལྡན་ཡོང་བ་བཅས་བྱས་ནས། སྤྱི་པའི་སྒྲིག་གཞིའི་ནུས་བསྲི་ཐཱན་ཉུང་གི་ལས་དོན་ལ་ཕན་འབྲས་གསར་པ་ཐོན་པར་བྱེད་དགོས། 2025ལོའི་ཐཱན་འབུད་ཚད་དང་ནུས་རྒྱུའི་ཐོན་ཁུངས་འཛད་སྤྱོད་གཞི་གྲངས་སུ་བྱས་ནས། བསྡོམས་རྩིས་ཁྱབ་ཁོངས་ནང་སྤྱི་པའི་སྒྲིག་གཞིའི་ཚན་པའི་ཨར་སྐྲུན་རྒྱ་ཁྱོན་གྱི་ཐཱན་འབུད་ཚད་8.5%ཆག་པ་དང་། ཚན་པའི་ཨར་སྐྲུན་རྒྱ་ཁྱོན་གྱི་ནུས་རྒྱུ་ཟད་གྲོན་5%ཆག་པ། མི་རེའི་ཆ་སྙོམས་ཆུ་སྤྱོད་ཚད་3%ཆག་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།