དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • C919ས་མཐོར་འཚམ་པའི་གནམ་གྲུ་ཐོག་མ་འཕུར་སྐྱོད་ལམ་ལྷོངས་བྱུང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-05

    གསར་འགོད་པར་ཀྲུང་གོ་ཚོང་སྤྱོད་གནམ་གྲུ་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་བར། ཉིན་ཤས་གོང་། ཧྲང་ཧའེ་ཕུའུ་ཏུང་རྒྱལ་སྤྱིའི་གནམ་ཐང་དུ་C919ས་མཐོར་འཚམ་པའི་གནམ་གྲུ་ཐོག་མ་འཕུར་སྐྱོད་ཚོད་ལྟ་ལམ་ལྷོངས་བྱུང་སྟེ། སྔོན་གཏན་འཁེལ་བའི་ཚོད་འཕུར་རྣམ་གྲངས་ཚང་མ་ལེགས་སྒྲུབ་བྱུང་བ་དེ་ཐོག་ནས་C919གནམ་གྲུ་སྣ་ཚོགས་མུ་འབྲེལ་འཕེལ་རྒྱས་ཐད་གོམ་སྟབས་གལ་ཆེན་སྤོས་པ་མཚོན་གྱི་ཡོད།

    C919ས་མཐོར་འཚམ་པའི་C919གནམ་གྲུ་སྣ་ཚོཌ་མུ་འབྲེལ་འཕེལ་རྒྱས་ཀྱི་འཕྲུལ་དབྱིབས་གལ་ཆེན་གྱི་གྲས་ཤིག་རེད། C919ས་མཐོར་འཚམ་པ་གཞི་རྩར་འཛིན་པའི་རྨང་གཞིའི་ཐོག གནམ་གྲུའི་མ་སྒྲོམ་ཆུང་དུ་གཏོང་བ་དང་ཆ་ལག་ཚང་བའི་བྱེད་ནུས་ལེགས་སུ་གཏོང་བ་སོགས་དམིགས་སའི་རང་བཞིན་གྱི་འཆར་འགོད་བྱེད་སྟངས་སྤྱད་དེ། ས་མཐོའི་འཕུར་སྐྱོད་ཀྱི་དགོས་མཁོ་སྐོང་བཞིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།