ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་འགོ་ཚུགས་པ།
ཚེས་2ཉིན། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པ་ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་སུ་འགོ་ཚུགས་པ་དང་། ཀྲུང་གོ་དང་། ཧྥ་རན་སེ། དབྱི་ཐ་ལི། ཨུ་ཟ་བྷེ་ཁི་སི་ཐན་སོགས་རྒྱལ་ཁབ་ཕྱི་ནང་གི་ཆུ་ཚད་མཐོ་བའི་རྐང་འཁོར་རུ་ཁག་18ཀྱི་ལུས་རྩལ་པ་120ལྷག་ཙམ་འགྲན་བསྡུར་ལ་ཞུགས་ཡོད་པ་རེད།
སྐབས་འདིའི་འགྲན་བསྡུར་གྱི་དུས་ཡུན་ཉིན་6ཡིན་པ་དང་། འགྲན་དུམ་ཁག་5རུ་ཕྱེ་ཡོད་ཅིང་། ཉིང་ཁྲི་དང་། ལྷ་ས། ལྷོ་ཁ། གཞིས་རྩེ་སོགས་བརྒྱུད་དགོས་ཀྱི་ཡོད་པར། སྤྱིའི་ལམ་ཐག་སྤྱི་ལེ་570ལྷག་ཙམ་ཟིན་གྱི་ཡོད་པ་རེད། ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་ནི་རྒྱལ་ཁབ་ལུས་རྩལ་སྤྱི་ཁྱབ་ཅུས་དང་། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད།
2025ལོར་འགྲན་བསྡུར་དེ་རྒྱལ་སྤྱིའི་རྐང་འཁོར་མནའ་འབྲེལ་གྱི་སྐྱེས་པའི་རྩེར་སོན་གྱི་2.1རིམ་པའི་འགྲན་བསྡུར་ལ་རིམ་པ་སྤར་ནས། ས་ཁུལ་གྱི་ལུས་རྩལ་རིག་གནས་སྤེལ་རེས་དང་། ལུས་རྩལ་ཡུལ་སྐོར་འཕེལ་རྒྱས། ཕྱི་ཕྱོགས་སུ་བོད་ལྗོངས་ཀྱི་གཟུགས་བརྙན་མངོན་པ་བཅས་ལ་སྐུལ་འདེད་གཏོང་བའི་ལས་སྟེགས་གལ་ཆེན་ཞིག་ཏུ་གྱུར་ཡོད།
འབྲེལ་ཡོད་གསར་འགྱུར།