དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཧྲང་ཧའེ་རུ་ཚལ་ཁྲོམ་གྱིས་སྡེ་ཁུལ་ལ་ཕན་བདེ་བསྐྲུན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     སྤེལ་དུས།  2026-08-05

    ཅིང་ཨན་ཆུས་ཆུས་ཨོ་ལམ་དུ་གནས་པའི་ཧྲང་ཧའེ་གྲོང་ཁྱེར་ཅིང་ཨན་ཆུས་ཀྱི“ཉིང་ཅ་ཆུས་ཨོ་ཚོང་འདུས”ནི་དམངས་ལ་བྱ་བ་དངོས་སྒྲུབ་པའི་གཙོ་གནད་རྣམ་གྲངས་ཤིག་ཡིན་ཞིང་། ལོ་ཕྱེད་ཙམ་གྱི་སྒྱུར་བཀོད་བྱས་པ་བརྒྱུད། ཉེ་འགྲམ་གྲོང་མིའི་འདུ་འཛོམས་བྱ་ཡུལ་དུ་གྱུར་ཡོད། རྒྱ་ཁྱོན་ལ་སྨི་ངོས་གྲུ་1200ཟིན་པའི་ཚོང་འདུས་དེར་ཁྲོམ་བཀྱག་55ཡོད་པ་དང་གཙོ་བོ་བཟའ་བཏུང་དང་སྔོ་ཚལ་དང་ཤ་རིགས་སོས་པ་ཉོ་ཐུབ་པ་མ་ཟད། ད་དུང་སྐྲ་བཞར་དང་། ཁབ་འཚེམ། མཉམ་སྤྱོད་ཐབ་ཚང་། རང་འདེམས་གོས་འཁྲུ་སོགས་ཀྱི་དམངས་ཕན་ཞབས་ཞུ་སྣ་ཚོགས་ཀྱང་ཡོད། འདི་ནི་གྲོང་མིས་ཚོང་འདུས་ནས་ཚལ་ཉོ་བཞིན་པ།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།