དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས།

    “སྐལ་བཟང་མེ་ཏོག་མཉམ་བཞད་སློབ་ཁང”གི་ཁ་བསླུས་འགོག་ཟོན་གྱི་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-05

    དུས་བདེའི་ལྷ་ས་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་གཏོང་བ་དང་། བུད་མེད་མང་ཚོགས་དང་དེ་བཞིན་ཁྱིམ་ཚང་གི་ཁ་བསླུས་འགོག་ཟོན་དང་ཡིད་རྟོན་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་རྒྱུ་ནོར་དང་ཡིད་རྟོན་བདེ་འཇགས་ལ་སྲུང་སྐྱོང་ཏན་ཏིག་བྱ་ཆེད། ཉེ་ཆར། ལྷ་ས་གྲོང་ཁྱེར་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“སྐལ་བཟང་མེ་ཏོག་མཉམ་བཞད་སློབ་ཁང”གི་དངུལ་རྩའི་ཁ་བསླུས་འགོག་ཟོན་གྱི་ཆེད་དོན་སྒྲོག་འགྲེལ་བྱེད་སྒོ་སྤེལ་བ་རེད།

    ད་ཐེངས་ཀྱི་སྒྲོག་འགྲེལ་ལ་དངུལ་རྩའི་ལས་རིགས་ཀྱི་སྒྲོག་འགྲེལ་པ་ཆེད་མངགས་གདན་དྲངས་ནས་སློབ་ཁྲིད་བྱས་ཡོད། དྲ་ཕྱིར་བུད་མེད་མང་ཚོཌ་80ལྷག་ཙམ་སྒྲིག་འཛུཌ་བྱས་ནས་ཞུཌ་པ་དང་དུས་མཚུངས“ལྷ་སའི་བུད་མེད”ལས་སྟེགས་སུ་བོད་སྐད་ཐད་གཏོང་བྱས་པ་དང་། དྲ་ཐོག་དང་དྲ་ཕྱི་མཉམ་འགུལ་བྱས་ནས་དྲིལ་བསྒྲགས་ཀྱི་ཁྱབ་རྒྱ་སྔར་བས་ཆེ་རུ་བཏང་བ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།