དབུ་ཤོག>གསར་འགྱུར།>དཔལ་འབྱོར།
  • ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་རྭ་སྨད་གྲོང་ཚོར།

    སྦྲང་ནོར་བུ་གསོ་ཚགས་ལ་ཐོན་འབབ་ཡག་པོ་བྱུང་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-05

    ཉེ་ཆར། ལྷོ་ཁ་གྲོང་ཁྱེར་རྒྱ་ཚ་རྫོང་རྭ་སྨད་གྲོང་ཚོར་ཐོན་འབབ་དུས་སྐབས་ཤར་བ་སྟེ། ད་ལོའི་ཟླ་གསུམ་པར་ལག་ལེན་བསྟར་བའི་སྦྲང་སྒམ་240ཡི་ཐོན་ལས་རྣམ་གྲངས་ལ་མིག་སྔར་ཡུལ་མིས་སྦྲང་རྩི་བསྡུ་དུས་དང་པོའི་ལྷད་མེད་སྦྲང་རྩི་བསྡུ་བཞིན་ཡོད་ཅིང་། “སྦྲང་མངར་ཐོན་ལས”དེ་དཔལ་འབྱོར་གྱི་ཕན་འབྲས་དངོས་ལ་བསྒྱུར་བར་བྱས་ནས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་ཡོང་བར་སྒུལ་ཤུགས་ཆེན་པོ་སྣོན་རྒྱུ་རེད།

    རྭ་སྨད་གྲོང་ཚོའི་མཉམ་སྡེབ་སྦྲང་གསོ་ར་བར་ཡུལ་མི་ཚོས་གཟབ་ནན་ངང་སྦྲང་སྒམ་ཕྱེ་ནས་སྦྲང་རྩི་ལེན་བཞིན་གདོང་ལས་ཐོན་འབབ་ཡག་པོ་བྱུང་བའི་དགའ་སྤྲོའི་འཛུམ་མདངས་འཕྱུར་ཞིང་། ཡུལ་མིས་གསར་འགོད་པར་འབབ་འཕར་གྱི་རྩིས་ཤིག་བརྒྱབ་པ་སྟེ། སྦྲང་སྒམ་240ལས་སྔོན་དཔག་བྱས་ན་སྦྲང་རྩི་སྤྱི་རྒྱ་2000ཐོན་རྒྱུ་ཡིན་པ་དང་། ཀུང་སི་དང་གྲོང་ཚོའི་མཉམ་སྡེབ་དབར་བཞག་པའི་སྤྱི་རྒྱ་རེར་སྒོར་30ཡི་ཐོག་ནས་ཉོ་བའི་གྲོས་མཐུན་ལྟར་དེ་ཁོ་ནས་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་6ཡོང་རྒྱུ་རེད། སྦྲང་སྒམ་ཁག་དེར་ལོ་ཧྲིལ་པོར་སྦྲང་རྩི་ཐེངས་2ནས་3བར་བསྡུ་ཆོག་པ་དང་། སྔོན་དཔག་ལྟར་དམའ་རྩིས་བྱས་ན་ད་ལོ་གྲོང་ཚོ་ཡོངས་ཀྱི་སྦྲང་རྩིའི་ཐོན་ཚད་བསྡོམས་འབོར་ཏུན་4ཟིན་རྒྱུ་ཡིན་ཞིང་། སྦྲང་ནོར་བུ་གསོ་ཚགས་ཀྱི་རྣམ་གྲངས་ཁོ་ནས་གྲོང་ཚོའི་མཉམ་སྡེབ་ལ་འབབ་འཕར་སྒོར་ཁྲི་12ལྷག་ཙམ་ཡོང་བར་སྐུལ་ཁྲིད་ཐུབ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།