དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་ཉིང་ཁྲི་དུམ་བུའི་འགྲན་བསྡུར་མཇུག་འགྲིལ་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-08-05

    འདི་ནི་རྐང་འཁོར་འགྲན་ཞུགས་པ་ཚོ་འགོ་འཛུགས་ས་ནས་ཐོན་བཞིན་པ།

    ཟླ་8ཚེས་3ཉིན་གྱི་ཆུ་ཚོད་13དང་སྐར་མ་10ཙམ་ལ། 2026ལོའི་ཀྲུང་གོའི་བོད་ལྗོངས་ཀྱི་ཧི་མ་ལ་ཡ་བརྒལ་བའི་རྒྱལ་སྤྱིའི་གཞུང་ལམ་རྐང་འཁོར་མཐར་ཟད་འགྲན་བསྡུར་སྐབས་བདུན་པའི་འགྲན་དུམ་གཉིས་པ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་མཇུག་འགྲིལ་བ་རེད། དེ་ནས་བཟུང་། སྐབས་འདིའི་འགྲན་བསྡུར་གྱི་ཉིང་ཁྲིའི་འགྲན་དུམ་གྱི་འགྲན་བསྡུར་ཚང་མ་མཇུག་འགྲིལ་བ་རེད།

    འགྲན་དུམ་འདིའི་འགོ་འཛུགས་ས་རྫ་ལ་གྲོང་ཚོ་དང་མཇུག་འགྲིལ་ས་ཀོང་པོ་རྒྱ་མདའ་རྫོང་གྲོང་ཡིན་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་123.9ཡོད་པ་རེད། འགྲན་ལམ་དུ་རྒྱལ་ཁབ་ཀྱི་A5རིམ་པའི་མཛེས་ལྗོངས་ཁུལ་བྲག་གསུམ་མཚོ་དང་ཉང་ཆུ་གཙང་པོའི་ལུང་གཞུང་བརྒྱུད་དགོས་པས་མང་ཆེ་བ་གྱེན་ཐུར་གྱི་ལམ་དུམ་རེད། རྐང་འཁོར་འགྲན་ཞུགས་པ་ཚོ་རྒྱལ་ལམ་318བརྒྱུད་ནས་སྐྱོད་སྐབས་ས་བབ་མཐོ་དམའི་འགྱུར་ལྡོག་དབང་གིས་སྙུགས་ཤེད་སྤྱོད་མཁས་པོ་དགོས་ཀྱི་ཡོད།

    ཆུ་ཚོད་3ཙམ་འགྲན་བསྡུར་དྲག་པོ་བྱས་པ་བརྒྱུད། འགྲན་དུམ་འདིའི་ཨང་དང་པོ་དང་། གཉིས་པ། གསུམ་པ་བཅས་ནི་SHNYRKO Aliaksei(ལི་ཉིང་སྐར་མའི་ཀྲོའུ་ཅི་རུ་ཁག)དང་། PERSICO Davide(MBHདངུལ་ཁང-CSBགློག་འཕྲིན་ལས་རིགས་རུ་ཁག) SCOTT Nicholas Cameron(ལི་ཉིང་སྐར་མའི་ཀྲོའུ་ཅི་རུ་ཁག)བཅས་ལ་སོ་སོར་ཐོབ་ཡོད་པ་རེད། ཨེ་ཤེ་ཡའི་མི་སྒེར་ཡག་ཤོས(འོག་འཇུག་དཀར་པོ)ཀྱི་སྔོན་སྐྱོད་བདམས་ཐོན་པ་ནི་ENKHTAIVAN Bolor-Erdene(ཧོན་ཧྲེང-VONVA-ཐའེ་ཧྲན་ལུས་རྩལ་ཀྲོའུ་ཅི་རུ་ཁག)ཡིན་པ་དང་། ཀྲུང་ཧྭ་ཆེན་པོའི་མི་སྒེར་ཡག་ཤོས(འོག་འཇུག་དམར་པོ)ཀྱི་སྔོན་སྐྱོད་བདམས་ཐོན་པ་ནི་ལོན་ཧྥུང་ROTORཁྲེང་ཏུའུ་ཀྲོའུ་ཅི་རུ་ཁག་གི་LI Chaoyiཡིས་མུ་མཐུད་བླངས་པ་རེད། ཀྲུང་གོ་ཨན་ཐ་mentechཀྲོའུ་ཅི་རུ་ཁག་གི་KONYCHEV Alexanderམུ་མཐུད་དུ་གདོང་མཆོང་པ་ཡག་ཤོས་མཚོན་པའི་འོག་འཇུག་ལྗང་ཁུ་དང་སྤྱིའི་གྲུབ་འབྲས་སྔོན་ཐོན་གྱི་འོག་འཇུག་སེར་པོའི་རྐང་འཁོར་རུ་ཁག་གི་སྣེ་ཁྲིད་པར་གྱུར་ཡོད།

    འགྲན་དུམ་གསུམ་པའི་ལྷ་ས་སྐོར་བའི་འགྲན་བསྡུར་དུས་བཀག་ལྟར་སྤེལ་རྒྱུ་རེད། འགྲན་ཞུགས་པ་ཚོས་ཕོ་བྲང་པོ་ཏ་ལ་འགོ་འཛུགས་ས་དང་མཇུག་འགྲིལ་སར་བྱས་ནས་ལྷ་སའི་ལྟེ་བའི་ས་ཁོངས་སུ་ལམ་ཐག་སྤྱི་ལེ་94.8ཀྱི་སྐོར་བ་བརྒྱབ་སྟེ་མྱུར་ཚད་འགྲན་བསྡུར་བྱ་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།