དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཀུང་ཧྲུའེ་གཙང་ངོགས་ཀྱི་འཕོ་འགྱུར།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཐེན་ཏུའོ་ཏུའོ། ཝུའུ་ཅུན།   |     སྤེལ་དུས།  2026-08-04

    ཀུང་ཧྲུའེ་གཙང་པོ་ཧུའུ་པེ་ཞིང་ཆེན་ཤོན་ཨེན་རྫོང་ཁོངས་ནས་དལ་གྱིས་རྒྱུག་བཞིན་ཡོད་ཅིང་། དེ་ནི་གཡུ་མདོག་གི་དར་སྐུད་རིང་མོ་ཞིག་དང་འདྲ་བར་རྫོང་གྲོང་གི་མཐའ་བཞི་བསྐོར་ནས་ཡོད།

    ས་གནས་དེ་གའི་མ་ཡུམ་གཙང་པོ་ནི་ས་གཞི་འདིའི་ཟུངས་ཁྲག་ལྟ་བུར་གྱུར་ཡོད་ལ། ཤོན་ཨེན་རྫོང་འཕེལ་རྒྱས་གཏོང་བའི་གཞི་རྟེན་གལ་ཆེན་ཞིག་ཏུའང་གྱུར་ཡོད། 2025ལོར། ས་གནས་དེ་གའི“འཆར་ཡན་ཤོན་ཨེན་ཡུལ་སྐོར་ཁུལ”གྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་1010.7ལ་སྣེ་ལེན་ཞུས་པར། ཡུལ་སྐོར་གྱི་ཕྱོགས་བསྡུས་ཡོང་འབབ་སྒོར་དུང་ཕྱུར་76.21བྱུང་བ་དེ་དུས་མཚུངས་ལས་ཁག་སོ་སོར་87.68%དང་96.18%འཕར་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་དཔལ་འབྱོར་ཁུལ་འཕེལ་རྒྱས་ལ་སྐུལ་འདེད་གཏིང་ཟབ་གཏོང་རྒྱུའི་སྐོར་གྱི་བཞུགས་མོལ་ཚོགས་འདུའི་ཐོག “སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། སྐྱེ་ཁམས་སྔོན་སྐྱོང་དང་ལྗང་མདོག་འཕེལ་རྒྱས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བའི་ལམ་བུ་གསར་པ་འཚོལ་ཞིབ་བྱེད་དགོས”ཞེས་དང་། “སྤྱི་ཡོངས་འཆར་འགོད་དང་སྙིང་རུས་གཏན་འཁྱོངས་དབར་གྱི་འབྲེལ་བ་ཁོང་དུ་ཡང་དག་ཆུད་པར་བྱས་ཏེ། འཆར་གཞི་གཅིག་མ་གྲུབ་བར་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་དགོས”ཞེས་ནན་བཤད་གནང་ཡོད།

    ཀུང་ཧྲུའེ་གཙང་པོ་ནི་འབྲི་ཆུའི་རིམ་པ་གཉིས་པའི་ཡན་ལག་ཆུ་བོ་ཡིན་ཞིང་། ཆིན་ཅང་ཆུ་བོ་དང་འདྲེས་རྗེས་མཐར་འབྲི་ཆུ་དང་འདྲེས་ཀྱི་ཡོད། ཆུ་སྐྱོན་ཕོག་པ་ནས་ཆུ་གྲོང་མཉམ་དར་བྱུང་བའི་བར་གྱི་ཀུང་ཧྲུའེ་གཙང་པོའི་འཕོ་འགྱུར་གྱིས། ཤོན་ཨེན་རྫོང་གིས་ཆུ་བཅོས་གྲོང་དར་རྒྱུན་ཆད་མེད་པར་བྱས་པ་དང་། ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་སྟེ། འཆར་གཞི་གཅིག་མ་གྲུབ་བར་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པའི་གསོན་ཉམས་དོད་པའི་ལག་ལེན་གྱི་དཔང་པོ་བྱས་ཡོད།

    ད་ཆའི་ཀུང་ཧྲུའེ་གཙང་ངོགས་སུ་གཙང་ཆུ་དྭངས་ཤིང་གཙང་ལ་ལྗོན་པས་རབ་ཏུ་བརྒྱན་ཡོད། དུས་རབས་གོང་མའི་ལོ་རབས་80པར། ཀུང་ཧྲུའེ་གཙང་པོའི་རྣམ་པ་ནི་ད་ལྟ་བཞིན་ག་ལ་ཡིན་ཏེ། “ཐན་པ་བསྟན་དུས་ཆུ་ཁ་ཐང་བ་དང་འབྲུབ་དུས་སུ་ཆུ་ལོག་ཐོན་ནས་མི་སེར་ལ་སྡུག་བསྔལ་ཚད་མེད་བཟོས་ཡོད”ཅེས་ཤོན་ཨེན་རྫོང་ཆུ་བེད་ཅུས་ཀྱི་དེ་སྔའི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ཐེན་ཁྲང་ཡིའུ་ཡིས་བརྗོད།

    ཀུང་ཧྲུའེ་གཙང་པོར་བདག་སྐྱོང་ཡག་པོ་བྱ་ཆེད། 1988ལོ་ནས་བཟུང་། ཤོན་ཨེན་རྫོང་གིས་ལོ་མང་གི་དུས་ཚོད་སྤྱད་ནས། རྫོང་གྲོང་གི་སྟོད་རྒྱུད་དུ་ཆུ་མཛོད་ཅིག་བསྐྲུན་ཏེ། རྫོང་གྲོང་གི་ཆུ་མཁོ་འདོན་དང་འབྲུབ་ཆུ་སྔོན་འགོག་ལ་འདེགས་སྐྱོར་བྱས་ཡོད།

    “ཆུ་མཛོད་ཀྱི་ཤོང་ཚད་འདང་གི་མེད། ཆར་ཞོད་ཆེ་དུས་ཆུ་རགས་དམའ་བའི་ཁར་ཞེང་ཆུང་བའི་རྐྱེན་གྱིས་གཙང་རྒྱུད་མི་སེར་གྱི་ཁྱིམ་ཆུས་ཡང་སེ་བསྣུབས་ཀྱི་ཡོད”ཅེས་ཐེན་ཁྲང་ཡིའུ་ཡིས་ངོ་སྤྲོད་བྱས།

    དེ་རྗེས་མང་ཚོགས་ཀྱིས་གོང་ཞུ་བྱས་པའི་གནས་ཚུལ་ལ་དམ་པོར་དམིགས་ཏེ། ཤོན་ཨེན་རྫོང་གིས་རྫོང་གྲོང་དུ་རྒྱུག་པའི་ཆུ་ལམ་གྱི་ཞེང་ཚད་སྨི་69བར་རྒྱ་ཆེ་རུ་བཏང་བ་དང་། ཆུ་རགས་ཀྱི་མཐོ་ཚད་སྨི་15ཡན་བར་མཐོ་རུ་བཏང་བ་མ་ཟད། ད་དུང་ཆུ་གཤོང་ཕུག་ལམ་3དང་རིམ་པ་4པའི་རང་འགུལ་སྒྲོམ་སློག་ཆུ་རགས་ཤིག་ཀྱང་བསྐྲུན་མོད། འོན་ཀྱང་གྲོང་ཁྱེར་འཕེལ་རྒྱས་ཕྱིན་པ་དང་ཆབས་ཅིག་གནད་དོན་གསར་པ་གཅིག་རྗེས་གཉིས་མཐུད་དུ་ཐོན་ཡོད།

    “སྐབས་དེ་དུས་གཙང་འགྲམ་ནས་རྟག་ཏུ་དྲི་མ་ངན་པ་ཁ་བས། ཚང་མས་ལམ་དེ་ནས་འགྲོ་སྐབས་སྣ་བཀབ་ནས་འགྲོ་བ་ལས་ཡུད་ཙམ་ཡང་བསྡད་འདོད་བྱེད་ཀྱི་མེད”ཅེས་ཐེན་ཁྲང་ཡིའུ་ཡིས་སྔོན་མའི་གནས་ཚུལ་ལ་དྲན་གསོ་བྱེད་བཞིན་བཤད། རྫོང་དུ་གཅིག་སྡུད་བརྟག་ཞིབ་བྱས་པ་བརྒྱུད་ཀུང་ཧྲུའེ་གཙང་པོ་ནས་དྲི་ངན་ཁ་རྐྱེན་གཙོ་བོ་ནི་འཚོ་བའི་བཙོག་ཆུ་ཡིན་པ་ཤེས་རྟོགས་བྱུང་། “དེ་སྔ་མདོང་ལམ་རྙིང་པ་ཡིན་པའི་ཁར། ཆར་ཆུ་དང་ཆུ་རྙིགས་མང་ཆེ་བ་གཙང་པོར་ཐད་ཀར་གཤོང་གི་ཡོད”ཅེས་ཤོན་ཨེན་རྫོང་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུས་ཀྱི་སྤྱི་ཁྱབ་ལག་རྩལ་ཆེ་མོ་བ་ལིའུ་ཧུའེ་ཡིས་ངོ་སྤྲོད་བྱས།

    2008ལོའི་རྗེས་སུ་ཤོན་ཨེན་རྫོང་གིས་ཀུང་ཧྲུའེ་གཙང་པོའི་བཙོག་ཆུའི་ཆུ་འགོར་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་འགོ་བཙུགས་པ་དང་འབྲེལ་རྫོང་གྲོང་དུ་བཙོག་ཆུ་གཙང་གསིང་བཟོ་གྲྭ་ཡང་བཙུགས་ཡོད། ཤོན་ཨེན་རྫོང་གིས་ད་དུང“སྐྱེ་ཁམས་ཡིད་རྟོན་སྐར་གསོག”བྱ་ཐབས་གསར་གཏོད་བྱས་པ་དང་ཆབས་ཅིག ཆེད་བསྐོས་དོ་དམ་སྲུང་སྐྱོང་བ་དང་སྐྱེ་ཁམས་ནགས་སྲུང་བ་གཅིག་ལྕོགས་གདན་དྲངས་ནས་ཀུང་ཧྲུའེ་གཙང་པོ་རྒྱུག་ཁུལ་ལ་ཕྱོགས་ཡོངས་ནས་ལྟ་ཞིབ་ཚད་ལེན་བྱས་ཡོད། ལིའུ་ཧུའེ་ཡིས་ད་ཆ་ཀུང་ཧྲུའེ་གཙང་པོའི་ཆུའི་སྤུས་ཚད་རིགས་Ⅱདང་དེ་ཡན་རྒྱུན་འཁྱོངས་ཐུབ་ཡོད་ཅེས་ངོ་སྤྲོད་བྱས།

    2023ལོ་ནས་བཟུང་། ཀུང་ཧྲུའེ་གཙང་པོར་གྲུ་ཤན་གཏོང་བ་དང་། ཆུ་བོའི་མཛེས་ལྗོངས་ལ་ལྟ་བ། ཀུང་ཧྲུའེ་ཡི་མཚན་ལྗོངས་སོགས་ཡུལ་སྐོར་རྣམ་གྲངས་གཅིག་རྗེས་གཉིས་མཐུད་ངང་བཏོད་ཡོད། “རྣམ་གྲངས་ཀྱི་གྲུ་པ་དང་། བདེ་འཇགས་པ། འཁྲབ་སྟོན་པ་སོགས་ཀྱི་ལས་དོན་པ་500ལྷག་ཙམ་ཡོད་པ་ཚང་མ་སྤྱིར་ན་ས་གནས་དེ་གའི་གྲོང་མི་རེད”ཅེས་ཤོན་ཨེན་རྫོང་ཀུང་ཧྲུའེ་གཙང་པོའི་ཆུ་ཐོག་ཚོང་ལས་གཉེར་སྐྱོང་དོ་དམ་ཚད་ཡོད་ཀུང་སིའི་འགན་འཁུར་བ་ཀྲང་ཧའོ་ཡིས་བཤད།

    ད་ལོ་ཚུན་དུ། ཀུང་ཧྲུའེ་གཙང་པོའི་ཆུ་ཐོག་གཉེར་སྐྱོང་རྣམ་གྲངས་ཀྱི་ཡོང་འབབ་བསྡོམས་འབོར་སྒོར་ཁྲི་3500ལྷག་ཙམ་ཟིན་གྱི་ཡོད།

    ད་ལོ་ཚུན་དུ། ཤོན་ཨེན་རྫོང་གིས་རྫོང་གྲོང་གི་བཙོག་ཆུའི་མདོང་ལམ་ལ་མུ་མཐུད་ཞིབ་བཤེར་ཚད་ལེན་དང་། འདམ་རྫབ་སེལ་གཤོང་། ཐིག་ལེན་རིས་འབྲི་བཅས་ཀྱི་ལས་དོན་སྤེལ་བ་དང་། མདོང་ལམ་སྤྱི་ལེ་20ལྷག་ཙམ་གསར་སྐྲུན་དང་སྒྱུར་བཀོད་བྱས་པ་བརྒྱུད། ཀུང་ཧྲུའེ་གཙང་པོའི་མཐའ་འཁོར་གྱི་བཙོག་ཆུ་གཅིག་སྡུད་བྱེད་དགོས་རིགས་ཚང་མ་གཅིག་སྡུད་ཐུབ་ཡོད། “ཀུང་ཧྲུའེ་གཙང་པོ་སྔ་ཕྱི་བར་གསུམ་དུ་དྭངས་གཙང་ཡོང་བར་བྱས་པ་དང་། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་ལས་མི་སེར་ལ་དངོས་དངོས་རྗེན་རྗེན་གྱི་ཕན་པ་ཐོབ་ཡོད”ཅེས་ལིའུ་ཧུའེ་ཡིས་བཤད། 

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།