དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཛམ་གླིང་གི་མྱུར་བགྲོད་ལྕགས་ལམ་གྱི་སོར་འབིགས་ཕུག་ལམ་ཆེ་ཤོས་ཀྱི་ཆུ་ཁོངས་ལམ་དུམ་ཏལ་འབིགས་ཐུབ་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-04

    འདི་ནི་ཧྲང་ཧའེ་ཁྲུང་མིང་ཆུས་ནས་ཅང་སུའུ་ཐའེ་ཚང་གྲོང་ཁྱེར་བར་གྱི་འབྲི་ཆུའི་ཕུག་ལམ་གྱི་རྣམ་པ་ཡིན་པ།

    ཉེ་ཆར། རང་རྒྱལ་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་འཛམ་གླིང་ཐོག་ཚངས་ཐིག་ཆེ་ཤོས་ཀྱི་མྱུར་བགྲོད་ལྕགས་ལམ་གྱི་འབིགས་འཕྲུལ་ཏེ། “སྣེ་ཁྲིད་རྟགས་ཅན”གྱིས་འབྲི་ཆུའི་རང་བྱུང་བཙན་འགག་བསྒྲལ་ནས་ས་དོང་ཨང་2པར་འབྱོར་བ་ལས། ཁྲུང་མིང་ཆུས་ནས་ཐའེ་ཚང་གྲོང་ཁྱེར་བར་གྱི་མྱུར་བགྲོད་ལྕགས་ལམ་གྱི་འབྲི་ཆུའི་ཕུག་ལམ་གྱི་ཆུ་ཁོངས་ལམ་དུམ་ཏལ་འབིགས་ཐུབ་སྟེ། མྱུར་བགྲོད་ལྕགས་ལམ་གྱི་མེ་འཁོར་གྱིས་ཆུ་ཚོད་རེའི་མྱུར་ཚད་སྤྱི་ལེ་350ཡི་ཐོག་ནས་འབྲི་ཆུ་སྒྲོལ་བར་རྨང་གཞི་བཏིང་ཡོད།

    ཁྲུང་མིང་ཆུས་ནས་ཐའེ་ཚང་གྲོང་ཁྱེར་བར་གྱི་འབྲི་ཆུའི་ཕུག་ལམ་གྱིས་ཧྲང་ཧའེ་ཁྲུང་མིང་དང་ཅང་སུའུ་ཐའེ་ཚང་གཉིས་སྦྲེལ་མཐུད་བྱས་ཤིང་། ཕུག་ལམ་གྱི་སྤྱིའི་རིང་ཚད་ལ་སྟོང་སྨི་14.25ཡོད་པ་དེ་ནི་མིག་སྔར་རང་རྒྱལ་གྱི་འཛུགས་སྐྲུན་གྱི་ཚད་གཞི་མཐོ་ཤོས་དང་ཨར་སྐྲུན་གྱི་དཀའ་ཚེགས་ཆེ་ཤོས་ཀྱི་འབྲི་ཆུ་སྒྲོལ་བའི་མྱུར་བགྲོད་ལྕགས་ལམ་གྱི་ཕུག་ལམ་ལས་གྲྭའི་གྲས་ཤིག་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།