དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཟླ་7པར་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)49.2%ཟིན་པ།

  • ཡོང་ཁུངས།   མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-08-04

    རྒྱལ་ཁབ་བསྡོམས་རྩིས་ཅུས་ཞབས་ཞུའི་ལས་རིགས་བརྟག་དཔྱད་ལྟེ་གནས་དང་ཀྲུང་གོ་ཟོག་འགྲུལ་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཁྱབ་བསྒྲགས་བྱས་པའི་ཟླ་བདུན་པའི་ཀྲུང་གོའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)49.2%ཟིན་པ་དེ་ཟླ་གོང་མ་ལས་བརྒྱ་ཆའི་གྲངས་1.1ཆག་ཡོད་པ་རེད། ལོ་རྒྱུས་ཀྱི་གྲངས་གཞི་ནས་བལྟས་ཚེ། ལོ་མང་ཆེ་བའི་ཟླ་བདུན་པར། དྲོད་ཚད་མཐོ་ཞིང་ཆར་ཆུ་འབེལ་བ་དང་། དེ་བཞིན་མཚོ་ལྷགས་སོགས་དུས་ཚིགས་རང་བཞིན་གྱི་ཤུགས་རྐྱེན་ཕོག་པའི་དབང་གིས། བཟོ་སྐྲུན་ལས་རིགས་ཀྱི་PMIཟླ་བསྡུར་ཅུང་ཆག་ཡོད་པ་རེད། ད་ལོའི་ཟླ་7པར། རང་རྒྱལ་གྱི་ས་ཆ་མང་ཆེ་བར་དྲོད་ཚད་ཅུང་མཐོ་བ་དང་། ས་ཆ་མང་པོར་གནམ་ངན་བསྟན་པའི་རྐྱེན་གྱིས་བཟོ་སྐྲུན་ལས་རིགས་ཀྱི་འཕེལ་རྒྱས་གོམ་སྟབས་ཟླ་གོང་མ་ལས་ཅུང་འགོར་དུ་ཕྱིན་པ་དང་། ཁེ་ལས་ཀྱི་ཐོན་སྐྱེད་འཕེལ་རིམ་བརྟན་ཁྲོད་དལ་ཙམ་ཡིན་པ་རེད།

    ཟླ་7པར། རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ཀྱི་སྒུལ་ནུས་གསར་པས་སྔར་བཞིན་རྒྱ་སྐྱེད་ཀྱི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་བྱས་ཡོད། ལག་རྩལ་མཐོ་བའི་བཟོ་སྐྲུན་ལས་རིགས་ཀྱི་ཉོ་སྒྲུབ་ཅིང་ལིའི་སྟོན་གྲངས(PMI)53.3%ཟིན་པའི་ནང་། ཐོན་སྐྱེད་སྟོན་གྲངས་ཀྱི་ཟླ་བསྡུར་དོ་སྙོམས་ཡིན་པ་དེ་54%ཡན་དུ་འཁོར་སྐྱོད་བརྟན་པོ་བྱུང་བ་དང་། མངགས་ཐོ་གསར་པའི་སྟོན་གྲངས་སྔར་བཞིན་53%ཡན་རྒྱུན་འཁྱོངས་ཐུབ་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།