དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • འཐུས་ཚང་སྡེ་ཁུལ་འཛུགས་སྐྲུན་གྱི་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་སྐོར་གྱི་གསལ་ཐོ་ཁག་དང་པོ་ཁྱབ་བསྒྲཌ་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-08-04

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་། ཉེ་ཆར། སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུས་འཐུས་ཚང་སྡེ་ཁུལ་འཛུགས་སྐྲུན་གྱི་དཔྱད་གཞིར་འཛིན་ཆོག་པའི་ཉམས་མྱོང་དང་བྱེད་ཐབས་སྐོར་གྱི་གསལ་ཐོ་ཁག་དང་པོ་ཁྱབ་བསྒྲགས་བྱས་ཤིང་། དེའི་ནང་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་དང་། སྡེ་ཁུལ་གྱི་སྒྲིག་བཀོད་དང་ཞབས་ཞུ་འཐུས་སྒོ་ཚང་དུ་གཏོང་བ། མ་འཇོག་དང་མ་དངུལ་བསྡུ་རུབ་དང་རྒྱུན་མཐུད་ཆོག་པའི་གཉེར་སྐྱོང་བྱེད་སྟངས་འཚོལ་ཞིབ་བྱེད་པ་སོགས་ཐད་ཀྱི་ས་གནས་ཁག་གི་དཔེ་མཚོན་ཉམས་མྱོང་དང་བྱེད་སྟངས་ལ་ཕྱོགས་སྡོམ་བྱས་ཡོད།

    གསལ་ཐོ་ནས་མངོན་པར། ས་གནས་མང་པོས་ལས་ཀའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། འཐུས་ཚང་སྡེ་ཁུལ“སུས་འཛུགས་སྐྲུན་བྱ་རྒྱུ་ཡིན་པ་དང་འཛུགས་སྐྲུན་ཇི་ལྟར་བྱ་རྒྱུ་ཡིན་པའི”དཀའ་གནད་ནུས་ལྡན་བསལ་ཡོད། ཧྲང་ཧའེ་གྲོང་ཁྱེར་གྱིས་འཐུས་ཚང་སྡེ་ཁུལ་འཛུགས་སྐྲུན་གྱི་ལག་བསྟར་ཇུས་གཞི་ཁྱབ་བསྒྲགས་བྱས་ཤིང་། 2027ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་ཁུལ་གཙོ་བོ་དང་གྲོང་གསར་ལྔ་རུ་འཐུས་ཚང་སྡེ་ཁུལ་ཁྱབ་ཚད་60%ཟིན་པ་བྱ་རྒྱུ་རེད། ཅང་ཤིས་ཞིང་ཆེན་གྱིས་སྡེ་ཁུལ་གྱི་གྲོང་མིའི“དགོས་མཁོའི་གསལ་ཐོ”དང་སྡེ་ཚན་ཁག་གི“ཐོན་ཁུངས་ཀྱི་གསལ་ཐོ”ལ་སྤྱི་འདོམས་བྱས་ཏེ། “རྣམ་གྲངས་ཀྱི་གསལ་ཐོ”ཆགས་པར་བྱས་པ་དང“དགོས་མཁོ་དང་། ཐོན་ཁུངས། གསར་བརྗེས”བཅས་ཀྱི་ཐོག་ནས་སྡེ་ཁུལ་འཛུགས་སྐྲུན་ལ་གཞི་གཅིག་ཏུ་སྐུལ་འདེད་གཏོང་བའི་གདུབ་ཟུམ་འབྲེལ་ལམ་ཅིག་བཏོད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།