ཅང་སུའུ་སུའུ་ཆན་དུ་ཕྱིར་སྡོད་ཀྲུང་གོའི་རྒྱུད་པའི་གཞོན་ནུ་ལོ་ཆུང་ཚོའི་རིག་གནས་མྱོང་རོལ་བྱེད་སྒོ་སྤེལ་འགོ་ཚུགས་པ།

ཉེ་ཆར། “ལོ་ངོ་སྟོང་གི་མི་ཐབས་གཙང་པོའི་བརྩེ་བ། ཅང་སུའུ་ཡི་ཁྱད་ཆོས་ལྡན་པའི་བྱ་སྤྱོད”ཀྱི་2026ལོའི་མི་ཐབས་གཙང་པོའི་རིག་གནས་མྱོང་རོལ་བྱེད་སྒོར་ཞུགས་མཁན་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་བའི་རྒྱུད་པའི་གཞོན་ནུ་ལོ་ཆུང་ཚོ་སུའུ་ཁྲེང་ཆུས་སུའུ་ཆན་གྲོང་ཁྱེར་རྟེན་མཛོད་ཁང་དུ་བསྐྱོད་དེ་མི་ཐབས་གཙང་པོའི་ལོ་རྒྱུས་འཚོལ་ཞིབ་དང་མངོན་མིན་རིག་གནས་ཤུལ་བཞག་གི་ཡིད་དབང་འཕྲོག་ཤུགས་ཚོར་བར་བྱེད་པའི་ཞིབ་སློབ་ལག་ལེན་འགོ་ཚུགས་ཡོད། འདི་ནི་བྱེད་སྒོར་ཞུགས་མཁན་ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་ཀྲུང་གོ་བའི་རྒྱུད་པའི་གཞོན་ནུ་ལོ་ཆུང་ཚོས་ཅང་སུའུ་ཞིང་ཆེན་སུའུ་ཆན་གྲོང་ཁྱེར་སུའུ་ཁྲེང་ཆུས་སུའུ་ཆན་གྲོང་ཁྱེར་རྟེན་མཛོད་ཁང་དུ་མངོན་མིན་རིག་གནས་ཤུལ་བཞག་རླུང་གཡབ་ལ་ཚོན་རྩི་གཏོང་རྩལ་མྱོང་རོལ་བྱེད་བཞིན་པ།
འབྲེལ་ཡོད་གསར་འགྱུར།