ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ལྷན་སྨྱན་སྦྱོར་མཉམ་ལས་ཡན་ལག་ཨུ་ལྷན་གྱི་ཚོགས་འདུ་འཚོགས་པ།
ཟླ་7ཚེས་31ཉིན། ཀྲུང་ཨུའི་མི་ཆོས་རིག་གནས་མཉམ་ལས་ཨུ་ལྷན་སྨྱན་སྦྱོར་མཉམ་ལས་ཡན་ལག་ཨུ་ལྷན་གྱི་ཚོགས་འདུ་ཐེངས་བཅུ་དགུ་པ་མོ་སི་ཁོར་འཚོགས་ཤིང་། ཀྲུང་གོ་རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཧོ་པེའོ་དང་ཨུ་རུ་སུའི་གྲངས་འཛིན་འཕེལ་རྒྱས་འཕྲིན་གཏོང་དང་སྤྱི་དམངས་སྨྱན་སྦྱོར་པུའི་པུའུ་ཀྲང་གཞོན་པ་ཆེར་ཁོ་སུའོ་ཝ་ཚོགས་འདུར་ཞུགས་པ་མ་ཟད། གཙོ་དོན་གཏམ་བཤད་ཀྱང་སྤེལ་ཡོད། རྒྱལ་ཁབ་གཉིས་པོའི་སྲིད་གཞུང་གི་གཙོ་གཉེར་སྡེ་ཚན་དང་། གཙོ་རྒྱུན་སྨྱན་སྦྱོར། ལས་རིགས་སྒྲིག་གཞི་བཅས་ཀྱི་འཐུས་མི་50ལྷག་ཙམ་ཚོགས་འདུར་ཞུགས་ཡོད་པ་རེད།
ཚོགས་འདུའི་ཐོག་འདས་ཟིན་པའི་ལོ་གཅིག་ནང་ཀྲུང་ཨུའི་སྨྱན་སྦྱོར་མཉམ་ལས་རྒྱུན་མཐུད་སྤུས་འབྲས་ལེགས་གཉེར་ཡོང་བར་བྱེད་པ་དང་། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་ཐུན་མོང་ངོས་འཛིན་དོན་འཁྱོལ་ཧུར་ཐག་བྱེད་པ། ཀྲུང་ཨུའི་རིག་གནས་ལོ་དང་། ཀྲུང་གོའི་མི་དམངས་ཀྱི་རི་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་ངོ་80འཁོར་བ་སོགས་བརྗོད་དོན་གཙོ་བོའི་བྱེད་སྒོ་གལ་ཆེན་ལ་དམིགས་པ། གསར་འགྱུར་འཕྲིན་སྤེལ་དང་ནང་དོན་མཉམ་ལས་ནུས་ཆེ་མཉམ་འགུལ་བྱེད་པ། སྤུས་རྟགས་སྤེལ་རེས་བྱེད་སྒོ་ཧུར་ཐག་སྤེལ་བ། སྨྱན་སྦྱོར་གསར་པའི་ཁྱབ་ཁོངས་ཀྱི་མཉམ་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ། དཔེ་དེབ་ཡིག་སྒྱུར་དཔེ་སྐྲུན་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དམངས་འདོད་ཀྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་ཕྱིན་ནས་ཀྲུང་ཨུའི་དུས་རབས་གསར་པའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་བའི་ངོས་འཛིན་བྱས་ཡོད།
ཚོགས་འདུ་འཚོག་རིང་། རྒྱལ་ཁབ་གཉིས་པོའི་འཐུས་མིས་སྲིད་ཇུས་འབྲེལ་གཏུག་དང་། ལས་རིགས་བཅོས་སྐྱོང་། ནང་དོན་མཉམ་ལས། ལག་རྩལ་སྤེལ་རེས། མི་སྣ་འགྲོ་འོང་སོགས་ཀྱི་གྲོས་གཞིར་དམིགས་ནས། སྤེལ་རེས་གཏིང་ཟབ་བྱས་པས་ཐུན་མོང་གི་ངོས་འཛིན་གཅིག་ཏུ་གྲུབ་ཡོད། ཚོགས་འདུའི་ཐོག་རྒྱལ་ཁབ་གཉིས་པོའི་སྨྱན་སྦྱོར་མཉམ་ལས་ལམ་སྲོལ་མུ་མཐུད་འཐུས་སྒོ་ཚང་དུ་བཏང་ནས་ནང་དོན་དང་ལག་རྩལ་སོགས་ཆེད་དོན་ལས་དོན་ཚོགས་ཆུང་བཙུགས་ཏེ་ཀྲུང་ཨུའི་སློབ་གསོའི་ལོ་སོགས་བརྗོད་དོན་གཙོ་བོར་དམིགས་ནས། གསར་འགྱུར་འཕྲིན་སྤེལ་དང་། མཉམ་འབྲེལ་བཅར་འདྲི། མཉམ་ལས་སྒྲིག་བཟོ། གཞོན་ནུའི་སྤེལ་རེས། ལག་རྩལ་བཀོལ་སྤྱོད། དཔེ་དེབ་དཔེ་སྐྲུན་སོགས་ཁྱབ་ཁོངས་ཀྱི་གཙོ་གནད་མཉམ་ལས་རྣམ་གྲངས་ལག་བསྟར་ལ་སྐུལ་འདེད་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།