ཅང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་དུས་བབ་ལེགས་སུ་བརྟན་པོ་ཕྱིན་པ།

ཉེ་ཆར། ཅང་སུའུ་ཞིང་ཆེན་ཀན་ཀྲོའུ་རྒྱལ་སྤྱིའི་སྐམ་སའི་གྲུ་ཁའི་དོས་ཁང་དུ་དངོས་ཟོག་དོས་སྒམ་འདོན་འཇུག་གོ་རིམ་ལྡན་པ་དང་སྐྱེལ་འདྲེན་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་བཞིན་ཡོད། ནན་ཁྲང་འགག་སྒོ་ལས་ཁུངས་ཀྱིས་བསྡོམས་རྩིས་བརྒྱབ་པར་གཞིགས་ན། ད་ལོའི་ལོ་སྟོད་དུ་ཅང་ཤིས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་2625.3ཟིན་པ་དེ་དུས་མཚུངས་ལས་18.5%འཕར་ཞིང་། དེའི་ཁྲོད་ཕྱིར་གཏོང་བྱེད་ཚད་སྒོར་དུང་ཕྱུར་1606.7ཟིན་ནས་12%འཕར་བ་དང་། ནང་འདྲེན་བྱེད་ཚད་སྒོར་དུང་ཕྱུར་1018.6ཟིན་ནས་30.5%འཕར་ཏེ་ཕྱི་ཕྱོགས་ཚོང་དོན་ལ་མཉེན་ཤུགས་ཆེན་པོ་ལྡན་པ་མཚོན་ཡོད།
འབྲེལ་ཡོད་གསར་འགྱུར།