2026ལོའི་འཛམ་གླིང་གི་དཀར་ཆུའི་ཐོན་ལས་ཚོགས་ཆེན་ཧུའུ་ཧོ་ཧའོ་ཐེར་འཚོགས་པ།

ཟླ་8ཚེས་1ཉིན། “ཚན་རྩལ་གྱིས་སྣེ་ཁྲིད་དང་མཉམ་ལས་གཉིས་ཕན་བྱས་ནས་གོ་ལ་ཧྲིལ་པོའི་དཀར་ཆུའི་ཐོན་ལས་ཀྱི་རྒྱུན་མཐུད་ཆོག་པའི་སྐྱེ་ཁམས་འཁོར་འབྲེལ་མཉམ་སྐྲུན་བྱེད་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་2026ལོའི་འཛམ་གླིང་གི་དཀར་ཆུའི་ཐོན་ལས་ཚོགས་ཆེན་ནང་སོག་ཧུའུ་ཧོ་ཧའོ་ཐེར་འཚོགས་པ་རེད། ཚོགས་ཆེན་ཐོག་འགོ་ཚུགས་མཛད་སྒོ་དང་། ཐོན་ལས་རྣམ་གྲངས་ཀྱི་ལྟ་སྦྱོང་། དུས་མཉམ་ཚོགས་འདུ་སོགས་རིམ་སྤེལ་བྱེད་སྒོ་སྤེལ་ཏེ་འབྲོག་ར་ནས་ཟས་ལྕོག་བར་དང་། ཚན་ཞིབ་ནས་ཁྲོམ་ར་བར། རྒྱལ་ནང་མཐུན་སྦྱོར་ནས་རྒྱལ་སྤྱིའི་མཉམ་ལས་བར་གྱི་འཁོར་འབྲེལ་ཧྲིལ་པོའི་གདུབ་ཟུམ་འགྲེམས་སྟོན་དང་སྤེལ་རེས་ཐུབ་ཡོད། འདི་ནི་ནང་སོག་ཧུའུ་ཧོ་ཧའོ་ཐེ་ནས་པར་བརྒྱབ་པའི་2026ལོའི་འཛམ་གླིང་གི་དཀར་ཆུའི་ཐོན་ལས་ཚོགས་ཆེན་འཚོག་ཡུལ་ཡིན་པ།
འབྲེལ་ཡོད་གསར་འགྱུར།