རང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་དགུ་པ་ཡུན་ནན་དུ་རྟོག་ཞིབ་སྤེལ་རེས་བྱེད་པར་བསྐྱོད་པ།
ཉེ་ཆར། རང་སྐྱོང་ལྗོངས་ཀྱི“ས་མཐོའི་སེ་འབྲུ་དམར་པོའི”གྲངས་ཉུང་མི་རིགས་ལྟ་སྐོར་ཚོགས་པ་ཁག་དགུ་པའི་རྡོག་ཐོན་མཛད་སྒོ་ལྷ་སར་འཚོགས་ཤིང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་40ལས་གྲུབ་པའི་ལྟ་སྐོར་ཚོགས་པས་ཟླ་7ཚེས་28ཉིན་ནས་ཟླ་8ཚེས་9ཉིན་བར་ཡུན་ནན་ཞིང་ཆེན་དུ་བསྐྱོད་ནས་དུས་ཡུན་ཉིན་13གྱི་རྟོག་ཞིབ་བྱེད་སྒོ་སྤེལ་བ་རེད།
ད་ཐེངས་ཀྱི་ལྟ་སྐོར་ཚོགས་པ་ནི་ལྗོངས་ཡོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་ནས་ཡོང་བའི་རྒྱ་རིགས་དང་། བོད་རིགས། མོན་པ་རིགས། དབྱིས་རིགས་སོགས་མི་རིགས་མང་པོའི་འཐུས་མི་ལས་གྲུབ་པ་དང་ཁོངས་མི་ཕལ་ཆེ་བ་ནི་གྲོང་ཚོ(སྡེ་ཁུལ)“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་ཁོངས་མི་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་འཐུས་མི། གཞི་རིམ་གྱི་མི་རིགས་ལས་དོན་པ་བཅས་ཤ་སྟག་ཡིན་པ་རེད། རྟོག་ཞིབ་བྱེད་རིང་། ལྟ་སྐོར་ཚོགས་པ་ཡུན་ནན་སྐམ་དམག་དམག་རྩལ་སློབ་ཁང་གི་ལོ་རྒྱུས་རྟེན་མཛོད་ཁང་དང་ཕུའུ་ཨར་མི་རིགས་མཐུན་སྒྲིལ་གླིང་སོགས་སུ་ལྟ་སྐོར་སློབ་སྦྱོང་བྱ་རྒྱུ་དང་། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་སློབ་གསོ་དང་། རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོ། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་། གྲོང་གསེབ་དར་རྒྱས་དང་དེ་བཞིན་མཐའ་མཚམས་བདེ་སྐྱིད་གྲོང་ཚོ་འཛུགས་སྐྲུན་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས་སྤེལ་རེས་གཏིང་ཟབ་བྱ་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།