དབུ་ཤོག>གསར་འགྱུར།>དམངས་འཚོ།
  • བོད་ཀྱིས་དམངས་འཚོའི་གསལ་ཐོ“བདེ་སྐྱིད་ཀྱི་རྩིས་ཐོར”འགྱུར་བར་བྱས་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-08-04

    དཔལ་འབྱོར་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཡང་དག་པའི་སྲིད་དོན་ལས་རྗེས་ལྟ་བ་འཛུགས་པ་དང་ལག་ལེན་གྱི་སློབ་སྦྱོང་སློབ་གསོ་སྤེལ་ཚུན། བོད་ཀྱིས་མང་ཚོགས་ཉེ་འགྲམ་གྱི་མཐོང་ཐུབ་པ་དང་། ཚོར་ཐུབ་པ། སྤྱོད་ཐུབ་པ་བཅས་ཀྱི“ཆུང་ལ་ལེགས་པའི”དམངས་འཚོའི་དོན་དངོས་ལ་དམིགས་ཏེ་གཞི་རིམ་བཅོས་སྐྱོང་དང་། ཐོན་སྐྱེད་དང་འཚོ་བ། སྤྱི་པའི་ཞབས་ཞུ་བཅས་ཁྲོད་ཀྱི་མངོན་གསལ་དོད་པའི་དཀའ་གནད་གནད་སྨིན་ངང་བསལ་ནས། དངོས་སྒྲུབ་འགན་འཁུར་ལ་བརྟེན་ནས“དམངས་འཚོའི་གསལ་ཐོ”མི་རིགས་ཁག་གི་མང་ཚོགས་ཀྱི“བདེ་སྐྱིད་ཀྱི་རྩིས་ཐོར”འགྱུར་བར་བྱས་ཡོད།

    ཞིང་འབྲོག་མང་ཚོགས་ལ་ཡུན་རིང་འཕྲད་པའི“གཟུགས་པོ་བཀྲུ་དཀའ་བ”དང་གཞི་རིམ་ལས་བྱེད་པ་དང་གྲོང་སྡོད་རུ་མིར“ཟ་མ་བཟོ་དཀའ་བའི”གནད་དོན་ཡོངས་ཁྱབ་ངང་གནས་པར་དམིགས་ནས། བོད་ཀྱིས་སྲིད་འཛིན་གྲོང་ཚོའི་གྲོང་ཚོ་རིམ་པའི་འཁྲུད་ཁང་ཆུང་ངུ་དང་ཐབ་ཚང་ཆུང་ངུ་སྒྱུར་བཀོད་རིམ་སྤོར་གྱི་འདུ་འགོད་གཅིག་སྡུད་ཐོག་ལག་ལེན་བསྟར་ཡོད། བོད་ཀྱིས་ས་ཆ་དངོས་སུ་བསྐྱོད་པ་དང་མང་ཚོགས་ལ་བཅར་འདྲི་བྱ་རྒྱུ་མཐའ་འཁྱོངས་བྱས་ཏེ་གྲོང་ཚོའི(གྲོང་ལྷན)ཆུ་གློག་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ད་ཡོད་གནས་ཚུལ་ཕྱོགས་ཡོངས་ནས་གྲལ་བཤེར་དང་གྲོང་ཚོ(སྡེ་ཁུལ)ཨུ་ལྷན་གཉིས་དང་མང་ཚོགས་འཐུས་མིའི་བསམ་འཆར་བསྡུ་ལེན་རྒྱ་ཁྱབ་བྱས་ཏེ་བསྐྱར་སྐྲུན་གྱི་ཇུས་གཞི་བཟོ་བ་དང་འགན་འཁྲིའི་གསལ་ཐོ་བཟོས་ཡོད། དེ་དང་ཆབས་ཅིག “གྲོང་ཚོ་རེར་བྱ་ཐབས་རེ”མཐའ་འཁྱོངས་བྱས་ནས་ལེགས་གཏོང་དང་། རྙིང་པ་གསར་སྒྱུར། བསྐྱར་སྐྲུན་བཅས་ཀྱི་སྒྱུར་བཀོད་བྱེད་སྟངས་3སྤྱད་དེ་རྨང་གཞི་ཅུང་ཡག་པའི་ས་ཆར“ཉམས་ལེན་རྣམ་པའི”ལེགས་སྒྱུར་བྱས་པ་དང་། སྒྲིག་བཀོད་ཉམས་ཞན་གྱི་གནས་སུ“འབེན་གཏད་རྣམ་པའི”གོང་མཐོར་བཏང་བ། ཆ་རྐྱེན་ཅུང་ཞན་པའི་ས་ཁོངས་ཉུང་ཤས་ལ“བསྐྱར་སྐྲུན་རྣམ་པའི”སྒྱུར་བཀོད་བྱས་པ་བཅས་རེད།

    དགུན་དུས་སུ་དྲོད་རླངས་མཁོ་འདོན་ནི་ས་མཐོའི་མང་ཚོགས་ཀྱི་གཞི་རྩའི་དམངས་འཚོའི་དགོས་མཁོ་ཞིག་རེད། བོད་ཀྱིས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་རྒྱུན་མཐུད་འཚོལ་ཞིབ་དང་བེད་སྤྱོད་བྱས་ཏེ་དྲོད་རླངས་མཁོ་འདོན་བྱེད་སྟངས་བསྒྱུར་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། ས་བབ་སྨི་4500ཡན་ཟིན་པའི་ནག་ཆུ་གྲོང་ཁྱེར་དུ་ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་ཏེ་ཡུལ་བབ་དང་བསྟུན་ནས་ནུས་རྒྱུ་གཙང་མའི་དྲོད་རླངས་མཁོ་འདོན་བྱས་པས། ལོ་ལྟར་ཚད་ལྡན་རྡོ་སོལ་བསྲེག་ཚད་ཏུན་ཁྲི་7ཙམ་དང་དབྱང་གཉིས་ཐཱན་འགྱུར་འབུད་ཚད་ཏུན་ཁྲི་18ཙམ་ཉུང་དུ་ཕྱིན་ཏེ་དམངས་འཚོ་འགན་སྲུང་དང་སྐྱེ་ཁམས་སྲུང་སྐྱོང་གི་གོ་ཉིས་ཆོད་བྱུང་ཡོད།

    དགུན་དུས་སུ་ཆུ་ཚ་པོ་དཀོན་པ་དང་མང་ཚོགས་ཀྱིས་ཡུན་རིང་ཆུ་གྲང་མོ་སྤྱོད་པ་ལས་ས་མཐོའི་རང་བཞིན་གྱི་གྲུམ་བུའི་ནད་ཐོན་པའི་གནས་ཚུལ་ལ་དམིགས་ཏེ། བོད་ཀྱིས་དྲོད་ལེན་དང་ཆུ་ཚ་པོ་མཉམ་འབྲེལ་མཁོ་འདོན་བྱེད་སྟངས་འཚོལ་ཞིབ་བྱས་པས་སྒྲིག་ཆས་ཆ་ཚང་གཅིག་གིས་གོ་ཉིས་ཆོད་བྱུང་སྟེ་ཐོན་ཁུངས་བེད་སྤྱོད་ཀྱི་ནུས་ཕྱོད་ནུས་ལྡན་ངང་མཐོ་རུ་ཕྱིན་ཡོད། ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་དུ་དྲོད་རླངས་མཁོ་འདོན་རྣམ་གྲངས་ལས་ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་18ཡན་བརྟན་པོ་བྱུང་ནས་མང་ཚོགས་ཀྱིས་ཆུ་ཚོད་24རིང་ཆུ་ཚ་པོ་སྤྱོད་ཐུབ་པ་བྱུང་ཡོད། བསྡོམས་རྩིས་བརྒྱབ་པར་གཞིགས་ན། མིག་སྔའི་བར་ལྷ་ས་དང་། ནག་ཆུ། གཞིས་རྩེ། མངའ་རིས་བཅས་ཀྱི་ས་ཁུལ་དང་གྲོང་ཁྱེར་4གནས་ས་དང་དེ་བཞིན་རྫོང་གྲོང་36དང་། ཤང་དང་གྲོང་རྡལ་178 ས་བབ་སྨི་5000ཡན་གྱི་ཞིང་འབྲོག་ཁུལ་བཅས་སུ་དྲོད་རླངས་མཁོ་འདོན་སྒྲིག་བཀོད་བསྐྲུན་ནས་དྲོད་རླངས་མཁོ་འདོན་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3400ཟིན་ཏེ་མི་ཁྲི་90ཙམ་ལ་བདེ་འཇགས་དང་སྟབས་བདེའི་དྲོད་ལེན་སྤྱོད་ཐུབ་པ་བྱུང་ཡོད།

    གཞན་ཡང་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་ཁག་གིས་དམངས་འཚོའི་དོན་དངོས་ལ་རྒྱུན་མཐུད་དམིགས་ཏེ་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ད་ལོ་ཚུན་དུ་གཞིས་རྩེ་གྲོང་ཁྱེར་གྱིས་བོད་ཀྱིས་ལག་ལེན་གཏིང་ཟབ་བསྟར་བའི་དམངས་འཚོའི་དོན་དངོས་ཁག་34ལ་དམིགས་ཏེ་དོན་དངོས་དང་འཚམ་པའི་ལས་ཀའི་ཇུས་གཞི་ཚན་རིག་དང་མཐུན་པའི་ངང་ཇུས་འགོད་བྱས་ནས་ལས་དོན་ཁག་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱས་ཡོད།

    (《དཔལ་འབྱོར་ཉིན་རེའི་ཚགས་པར》ནས་བརྒྱུད་འགོད་བྱས)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།